རྔ་བ་དང་དཀར་མཛེས་ཁུལ་གཉིས་ཀྱི་རྫོང་གསུམ་དུ་ནགས་ཚལ་མེ་འགོག་གི་ལས་ཀ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-03



              ཉེ་ཆར། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་པོའི་བར་བརྒལ་ས་ཁུལ་དུ་ནགས་ཚལ་མེ་སྐྱོན་ཤོར་བ་འགོག་པའི་སླད་དུ། རྔ་བ་ཁུལ་གྱི་ཆུ་ཆེན་རྫོང་དང་བཙན་ལྷ་རྫོང་། དཀར་མཛེས་ཁུལ་གྱི་རོང་བྲག་རྫོང་བཅས་རྫོང་གསུམ་གྱིས་བར་བརྒལ་ས་ཁུལ་དུ་ནགས་ཚལ་མེ་འགོག་གི་ལས་ཀ་བྱས་ཤིང་། རྫོང་གསུམ་གྱིས་བཞུགས་མོལ་ཚོགས་འདུའི་ཁྲོད་དུ་གླེང་མོལ་བྱས་ཏེ། རྫོང་གསུམ་འབྲེལ་མཚམས་ཀྱི་མེ་འགོག་ལས་ཀར་དངོས་སུ་རྟོག་ཞིབ་བྱས་རྗེས། བར་བརྒལ་ས་ཁུལ་གྱི་ནགས་ཚལ་མེ་འགོག་གི་ལས་ཀར་ཐུན་མོང་གི་ལྟ་བ་ཁ་ཤས་ཆགས་ཡོད་དེ། དང་པོ། སྲིད་གཞུང་ལ་མཐའ་ཡོད་ཀྱང་། མེ་འགོག་ལ་མཐའ་མེད་ཅེས་པའི་མེ་འགོག་གི་རྩ་དོན་གཞིར་བཟུང་ནས་མཐུན་སྒྲིལ་དམ་ཟབ་ཀྱིས་ཕན་ཚུན་ལ་རོགས་རེས་བྱ་དགོས་པ། གཉིས་པ། ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་སློབ་གསོའི་ལས་ཀར་ཤུགས་སྣོན་བྱས་ཏེ། ས་གནས་མང་ཚོགས་ནགས་ཚལ་མེ་འགོག་གི་ལས་ཀའི་ནང་ཞུགས་པར་སྐུལ་སློང་བྱ་དགོས་པ། གསུམ་པ། གཟབ་ནན་གྱིས་ཆུ་ཁུངས་དོ་དམ་བྱ་དགོས་པ་སོགས་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1