བོད་ལྗོངས་ཀྱི་ནས་ཆག་ལ་ཁ་ན་ཏ་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 11-11



            ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ཡག་སྒྲུག་བརྒྱབ་པའི་ནས་ཆག་ཁ་ན་ཏར་བདེ་བླག་ངང་ཕྱིར་གཏོང་བྱས་པ་དང་། གླིང་ཆེན་ཨ་ཧྥེ་རི་ཁ་བྱང་མའི་ཕྱི་ཁོངས་ཀྲུང་གོ་བའི་ཁྱད་ལྡན་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་ཤོས་ནས་བཙོངས་པས། བོད་ལྗོངས་ཀྱི་ལས་སྣོན་ཞིབ་ཚགས་བྱས་པའི་བཟའ་བཅའ་ཡོ་རོབ་དང་གླིང་ཆེན་ཨ་ཧྥེ་རི་ཁ་བྱང་མའི་རྒྱལ་ཁབ་ཁག་ཏུ་ཕྱིར་གཏོང་བྱེད་པའི་སྔོན་དཔེ་བཏོད་ཡོད།

ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པས་ས་གནས་ས་ཐོག་ཏུ་ནས་ཀྱི་ཐོན་རྫས་ལས་སྣོན་གྱི་བརྒྱུད་རིམ་ལ་ཤེས་རྟོགས་བྱེད་བཞིན་པ།
            གསར་འགོད་པར་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ནས་ཀྱིས་གཙོས་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་། ཞིབ་སྤེལ། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་སྦྲེལ་ཆ་ཚང་གསར་སྤེལ་ལ་ཡུན་རིང་གཞོལ་ནས། “ཤ་སྐམ་དུ་འགྲོ་བ་དང་མངར་ཆ་ཉུང་བའི་འཚོ་བཅུད་ཕྱེ་མ་དང་དེའི་བཟོ་སྟངས”དང“མྱུར་ཟས་ནས་ཆག་དང་ལས་སྣོན་བྱ་ཐབས”སོགས་ལག་རྩལ་མཐོ་བའི་རྒྱལ་ཁབ་རིམ་པའི་ཁེ་བེད་བདག་ཐོབ་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པ་དང་འབྲེལ་བདེ་བླག་ངང་འདུན་ཞུའང་བྱས་པ་རེད།
            ཀུང་སི་དེས་ནས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཕྱིར་གཏོང་གི་གོ་སྐབས་འཛིན་རོགས་བྱས་ནས། གོ་སྐབས་གསར་པར་སྟངས་འཛིན་གང་ལེགས་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་ནས། ཆེད་མི་མངགས་ཏེ“གཅིག་གཏད་གཅིག”གི་སྲིད་ཇུས་གསལ་འགྲེལ་དང་བརྒྱུད་རིམ་མཛུབ་ཁྲིད་བྱས་ནས། ལས་སྣོན་བཟོ་གྲྭའི་SSOPདང་། HACCP ལག་རྩལ་ཚད་གཞི། འཐེན་བཤེར། དཔང་ཡིག་འདོན་པ་སོགས་ཀྱི་ཞིབ་ཕྲའི་དོགས་གཞིར་ལན་བཏབ་པ་དང་། ལས་སྒོ་འདུན་ཞུའི་ལས་དོན་ཚང་མ་བདེ་བླག་ངང་ལེགས་སྒྲུབ་བྱས་པ། ལས་སྣོན་ཞིབ་ཚགས་བྱས་པའི་ནས་ཀྱི་བཟའ་བཅའ་ཁག་དང་པོ་ཐེན་ཅིན་གྲུ་ཁ་ནས་ཁ་ན་ཏར་བཏང་བ་དང་འབྲེལ། གླིང་ཆེན་ཨ་མེ་རི་ཁ་བྱང་མའི་ཕྱི་ཁོངས་ཀྲུང་གོ་བའི་ཁྱད་ལྡན་ཐོན་རྫས་སྒོ་རྩིས་ཚོང་ཁང་ཆེ་ཤོས་ནས་བདེ་བླག་ངང་དབུན་ཀེ་ཧྭ་ཡི་ཚོང་ཁང་20ཙམ་དུ་བཙོངས་པ་རེད།

ནས་ཀྱི་ཐོན་རྫས་ལས་སྣོན་བྱ་ཡུལ།
            “ནས་ཀྱི་ཐོན་རྫས་ཁག་དང་པོ་ཕྱིར་གཏོང་བྱས་པར་ཕྱི་རྒྱལ་གྱི་འཛད་སྤྱོད་པས་དགའ་པོ་བྱེད་པ་དང་དུས་ཐུང་ནང་ས་གནས་དེ་གར་ཉོ་སྒྲུབ་ཀྱི་ཚ་རླབས་ཤིག་འཕྱུར་ཞིང་། མིག་སྔར། ཕྱིར་གཏོང་ཐོན་རྫས་ཁག་གཉིས་པ་འབྲེལ་མཐུད་དང་གྲ་སྒྲིག་བྱེད་བཞིན་ཡོད་པས། གླིང་ཆེན་ཨ་མེ་རི་ཁ་བྱང་མའི་རིགས་འབྲེལ་སྒོ་རྩིས་ཚོང་ཁང་མང་པོ་ཞིག་གིས་རང་འགུལ་ངང་ང་ཚོའི་ཀུང་སི་དང་ལས་སྒོའི་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་བྱེད་ཀྱི་ཡོད” ཅེས་ཆབ་མདོ་གྲོང་ཁྱེར་ཅུན་ཆིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་བཤད།

ནས་ཀྱི་ཐོན་རྫས་ལས་སྣོན་བྱ་ཡུལ།
            “ད་ཐེངས་བོད་ཀྱི་ནས་ལས་སྣོན་ཞིབ་ཚགས་བྱས་པའི་བཟའ་བཅའ་ཕྱིར་གཏོང་བྱེད་པ་ནི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བསྡུས་རིས་ཤིག་རེད” ནས་ཀྱི་ཐོན་རྫས་ཕྱིར་གཏོང་གི་བརྒྱུད་རིམ་ཧྲིལ་པོར་ཞུགས་མཁན་དང་མཛུབ་ཁྲིད་བྱེད་མཁན་ལྷ་ས་འགག་སྒོ་ལས་ཁུངས་སྲོག་ཆགས་དང་རྩྭ་རྩི་ཤིང་བཟའ་བཅའ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཁོ་ཧྭ་ཧྲེང་གིས“གོམ་སྟབས་རྗེས་མར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྔར་རྒྱུན་བཞིན་ཁེ་ལས་ཀྱི་དཀའ་གནད་བསལ་ནས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་འགག་སྒོ་ལས་ཁུངས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1