དགུན་དུས་ཀྱི་གཟི་ཚྭ་སྡེ་དགུའི་མཛེས་ཉམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-16


        

        སྟོན་མཇུག་དང་དགུན་མགོའི་དུས་སུ་སི་ཁྲོན་གྱི་ས་གནས་སོ་སོ་ནི་ཁ་དོག་རྣམ་པར་བཀྲ་བའི་རང་བྱུང་གི་སྣུམ་ཚོན་རི་མོ་ལྟ་བུ་ཞིག་ཏུ་སྣང་ཡོད། ཁ་དོག་རྣམ་པར་བཀྲ་བའི་ནགས་ཚལ་དང་། ཡང་ན་ཁ་བས་ཡོངས་སུ་གཡོགས་པའི་མཛེས་ལྗོངས། ཡང་ན་ནགས་ཚལ་དང་རི་ཀླུང་མཉམ་དུ་འདྲེས་བ་བཅས་ཀྱིས་མིའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་ཐུབ། 


        2021ལོའི་སི་ཁྲོན་གྱི་དུས་ཐེངས་གསུམ་པའི་ལོ་མ་དམར་པོར་གཟིགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ11པའི་ཟླ་སྟོད་དུ་གཟི་ཚྭ་སྡེ་དགུའི་ལོ་མ་དམར་པོར་གཟིགས་པའི་གཞི་གྲངས་རིམ་པⅢསླེབས་པ་དང་། ཁ་དོག་རྣམ་པར་བཀྲ་བའི་སྡོང་ལོ་རི་ཀླུང་ཀུན་ཏུ་ཁྱབ་ནས། མཛེས་ལྗོངས་དེ་ལ་གཟིགས་པའི་དུས་ཚིགས་བཟང་བོར་སླེབས་པ་དང་གང་ས་གང་དུ་སྟོན་ཁའི་མཛེས་ཉམས་ཞིག་ཤར་ཡོད་པ་རེད།


        ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པ་དང་བསྟུན། གཟི་ཚ་སྡེ་དགུ་རུ་ཁ་བས་ཡོངས་སུ་གཡོགས་ནས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་ཏེ། ཕྱོགས་ཅིག་ནི་ཁ་བ་དང་རྦབ་ཆུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་མཚར་སྡུག་རྣམ་པར་བཀྲ་བའི་ནགས་ཚལ་དེ་མཚོ་ནང་དུ་འཆར་བའི་རྣམ་པ་ཡིན་པས། རི་བོ་ཕྱེད་ཀ་ཁ་བས་གཡོགས་ཤིང་ཕྱེད་ཀ་སྡོང་ལོ་ཡིས་ཁྱབ་པའི་བྱིས་སྒྲུང་ནང་གི་རི་མོ་ལྟ་བུ་ཞིག་གྲུབ་ཡོད།


        གཟི་རྩ་སྡེ་དགུ་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་ཚྭ་སྡེ་དགུ་རྫོང་ཁོངས་སུ་གནས་ཤིང་། ས་བབ་སྨི2000ཡན་ཟིན་པ་དང་གདོད་མའི་ནགས་ཚལ་གང་སར་ཁྱབ་ཅིང་ལུང་ཤུར་དུ་མཚེའུ108ཡོད་པ་དང་། དཔྱིད་དུས་ལྗང་མྱུག་ལ་རོལ་བ་དང་། དབྱར་དུས་ཚ་གཡོལ་བྱེད་པ། སྟོན་དུས་ནགས་ཚལ་ལ་གཟིགས་པ། དགུན་དུས་གངས་རིར་གཟིགས་ཆོག་པས། དུས་ཚིགས་རེ་རེར་མཛེས་རྣམ་མི་འདྲ་བ་རེ་ཡོད་པ་རེད། །






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1