ཟུང་ཆུ་རྫོང་གིས་ལོ་ན་3ནས་11བར་གྱི་བྱིས་པར་འགོག་ཁབ་བརྒྱབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 11-16



      རྒྱལ་ཁབ་ཀྱི་ཏོག་གསར་རིམས་ནད་ཀྱི་འགོག་ཁབ་བརྒྱབ་པའི་འབྲེལ་ཡོད་བཀོད་སྒྲིག་ལྟར། ཟླ་11ཚེས་11ཉིན། ཟུང་ཆུ་རྫོང་གིས་ལོ་ན་3ནས་11བར་གྱི་བྱིས་པ་རྣམས་ལ་འགོག་ཁབ་བརྒྱབ།  

      ཟླ་11ཚེས་11ཉིན། ཟུང་ཆུ་རྫོང་གི་ལུས་རྩལ་ར་བར་ལོ་ན་3ནས་11བར་གྱི་བྱིས་པ་དག་ཁྱིམ་བདག་དང་ལྷན་དུ་ཁ་རས་ལེགས་པར་གོན་ཅིང་། ཚར་དུ་དངར་བའི་ཕྲེང་བསྒྲིགས་ནས་ཁྱིམ་བདག་གིས་རེའུ་མིག་སྐོང་བ་དང་། སྨན་པ་ཚོས་རེའུ་མིག་གི་གོ་རིམ་ལྟར་གྲོགས་པོ་ཆུང་ཆུང་ཚོར་ཕྱོགས་གཅིག་ནས་འགོག་ཁབ་བརྒྱབ་པ་དང་། ཕྱོགས་གཞན་ནས་འགོག་ཁབ་ལ་སྐྲག་པའི་གྲོགས་པོ་ཆུང་ཆུང་ཚོར་སྐུལ་མ་གཏོང་བཞིན་ཡོད།   

  

      བྱིས་པ་ཆུང་ཆུང་ཀྲའོ་ཆིང་དབྱང་ན་རེ། དེ་རིང་། ཨ་ཕྱི་ངེད་གཉིས་འགོག་ཁབ་བརྒྱབ་ཏུ་འོངས་པ་ཡིན། འགོག་ཁབ་ལ་སྐྲག་ཡེ་ནས་མི་དགོས། ང་རང་ཕྱིར་སློབ་གྲྭར་སོང་ནས་སློབ་གྲོགས་ཚོར་ཀུན་པོ་འགོག་ཁབ་བརྒྱབ་ཏུ་ཡོང་ཡོད་པའི་སྐོར་བཤད་འདོད་བྱུང་། ཞེས་བཤད།   
      རྫོང་ལུས་རྩལ་ར་བར་རེ་སྒུག་ས་ཁུལ་དང་འདྲི་གཅོད་ས་ཁུལ། འགོག་ཁབ་གི་མིང་ཐོ་འགོད་པའི་ས་ཁུལ། འགོག་ཁབ་བརྒྱབ་པའི་ས་ཁུལ། ལྟ་རྟོག་ས་ཁུལ། མཁོ་བསྟུན་ཐག་གཅོད་ས་ཁུལ་བཅས་ས་ཁུལ་དྲུག་ཏུ་དབྱེ་ཡོད།   
     རྒྱུས་ལོན་པ་ལྟར་ན། ཟུང་ཆུ་རྫོང་གི་འགོག་ཁབ་བརྒྱབ་ས་སོ་སོའི་ལོ་ན་3ནས་11བར་གྱི་བྱིས་པ་རྣམས་ལ་རིན་མེད་དུ་འགོག་ཁབ་བརྒྱབ་རྒྱུ་ཡིན་པར་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1