སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ཚོ་རྔ་བ་ཁུལ་གྱི་ལི་རྫོང་ལ་ཕེབས་ནས་རིགས་སོ་སོའི་མི་དམངས་ལ་འཚམས་འདྲི་ཞུས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-04


         སྤྱི་ཟླ་2པའི་ཚེས་2ཉིན། སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཧོང་ཡན་རུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་ཡིས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ། རྔ་བ་ཁུལ་ལི་རྫོང་གི་ཀམ་ཕུ་གྲོང་སྡེ་དང་། རྫོང་ཕན་བདེ་གླིང་། རྫོང་མི་དམངས་དྲག་དཔུང་པུའུ། བཀྲ་ཤིས་གླིང་གྲོང་རྡལ་བཅས་སུ་ཕེབས་ཏེ། ས་གནས་བཅའ་སྡོད་དཔོན་དམག་དང་། དཀའ་ཁག་ཆེ་བའི་མང་ཚོགས། ཞིང་གྲོང་གི་ཏང་ཡོན་རྒན་པ་སོགས་ལ་གཟིགས་སྐོར་འཚམས་འདྲི་གནང་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས། །

           གཟིགས་སྐོར་འཚམས་འདྲི་གནང་བའི་ཁྲོད་དུ། ཧོང་ཡན་རུང་གིས་རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་ཁག་ཐེག་བྱས་ཤིང་། ཁོ་མོས་ 2014ལོར་རྔ་བ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཞིར་བཟུང་ནས། ནུས་ཤུགས་ཡོད་རྒུས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན་འཕེལ་རྒྱས་བཅས་ཀྱི་ལོ་ངོ་བཅུའི་ལག་ལེན་འཆར་གཞི་སོགས་གལ་ཆེའི་དམངས་འཚོའི་ལས་གཞི་འཛུགས་སྐྲུན་མུ་མཐུད་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་དང་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1