གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༠༤ཉིན།

ཕྱི་སྡོད་ཀྲུང་གོའི་མི་རྒྱུད་བུ་མོ་ལོ་24ཅན་ཞིག་གིས་སྐར་མ་མིག་དམར་གྱི་ཐོག་གནས་སྤོ་བར་མིང་ཐོ་བཀོད་དེ་སྐར་མ་མིག་དམར་གྱི་ཐོག་ནས་ཕྲུ་གུ་ཞིག་སྐྱེས་དགོས་ཞེས་བཤད།

           ཕྱི་སྡོད་ཀྲུང་གོའི་མི་རྒྱུད་བུ་མོ་ལོ་24ཅན་ཞིག་གིས་སྐར་མ་མིག་དམར་གྱི་ཐོག་གནས་སྤོ་བར་མིང་ཐོ་བཀོད་ཅིང་། སྐར་མ་མིག་དམར་གྱི་ཐོག་ནས་ཕྲུ་གུ་ཞིག་སྐྱེས་དགོས་ཞེས་བཤད། དབྱིན་ཇིའི་ཕྱི་སྡོད་ཀྲུང་གོའི་མི་རྒྱུད་བུ་མོ་ལོ་24ཅན་ལིའུ་མེ་ཅིMaggie Lieuཡི་རེ་བ་ནི། སྐར་མ་མིག་དམར་གྱི་ཐོག་ཏུ་བུ་ཕྲུག་ཅིག་སྐྱེ་བསམ་པ་དེ་ཡིན་ལ། དེ་ལྟར་བྱས་ཚེ་ཁོ་མོ་ནི་སྐར་མ་མིག་དམར་གྱི་ཐོག་ནས་བུ་ཕྲུག་སྐྱེ་བའི་ཨ་མ་ཆེས་ཐོག་མ་དེ་ཆགས་ངེས་རེད།  གནས་ཚུལ་སྤེལ་དོན། དབྱིན་ཇི་རུ་མིང་ལ་སྐར་མ་མིག་དམར་ཨང་རྟགས་དང་པོ་ཞེས་པའི་ཡུལ་མི་གནས་སྤོ་བའི་འཆར་གཞི་ཞིག་ཡོད་ལ། 2024ལོར། ལོ་གཉིས་རེའི་ནང་སྟོང་ཁམས་ཀྱི་མི་བཞི་སྐར་མ་མིག་དམར་གྱི་ཐོག་སྐྱེལ་རྒྱུ་ཡིན་ལ། མཐའ་མཇུག་མི་40སྐར་མ་མིག་དམར་གྱི་ཐོག་གནས་བཅའ་རྒྱུ་ཡིན་པར་བཤད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1