ལྷོ་ཁ་གྲོང་ཁྱེར་གྱིས“མཐའ་མའི་འགག་གནད”བསལ་ཏེ་དམངས་ལ་སྒོ་འགྲམ་ནས་ཞབས་འདེགས་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 11-19


         ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ་ནམ་ལངས་སྐབས་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ཡན་ལག་དངུལ་ཁང་མཚོ་སྨད་རྫོང་གྲི་གུ་ལས་གཉེར་ཁང་གིས་སྐོར་སྐྱོད་ཞབས་ཞུའི་གོང་གི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱས་ཤིང་། རླངས་འཁོར་བསྡད་ནས་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་མཐར་སྐོར་སྐྱོད་ཞབས་འདེགས་ཞུ་ཡུལ——འཁར་འཕྲོད་གྲོང་ཚོར་འབྱོར།
        “མ་གཞི་བྱས་ན་རླངས་འཁོར་གླས་ཏེ་རྨོ་ལགས་ལས་གཉེར་ཁང་དུ་སྤྱི་ཚོགས་འགན་བཅོལ་གཱ་ཡི་འགྲོ་ལུགས་གཉེར་བར་སྐྱེལ་དགོས་སྙམ་བྱུང”
        “མ་གཞི་བྱས་ན་ང་ཚོས་རླངས་འཁོར་གླས་ཏེ་ལས་གཉེར་ཁང་དུ་གཅིག་སྡུད་ལས་སྒོ་གཉེར་བར་འགྲོ་དགོས་སྙམ་བྱུང་། བསམ་ཡུལ་ལས་འདས་པར་དངུལ་ཁང་ནས་སྒོ་ཁར་ཞབས་འདེགས་ཞུ་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོང་མི་ཕན་ཚུན་གླེང་མོལ་བྱེད་བཞིན་གཅིག་རྗེས་གཉིས་མཐུད་ངང་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།
        མཐའ་མཚམས་ཀྱི་དངུལ་རྩའི་ཞབས་ཞུའི་སྟོང་ཆ་སྔར་བས་སྐོང་ཆེད་མི་དམངས་དངུལ་ཁང་ལྷོ་ཁ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུཌ་བྱས་ཏེ་དངུལ་རྩའི་ཞབས་ཞུའི་སྐོར་སྐྱོད་རླངས་འཁོར་མཐའ་མཚམས་གྲོང་གསེབ་ཏུ་བཏང་བ་མ་ཟད་ད་དུང་མཐའ་མཚམས་གྲོང་ཚོའི་སྒོ་རྩིས་ཚོང་ཁང་དང་། ཞིང་པའི་སྤྲོ་སྐྱིད་ཁང་། ཁྱིམ་ཚང་མགྲོན་ཁང་སོགས་སུ་དངུལ་ཁོངས་སྒྱུར་བའི་ཁ་པར་དང་POSའཕྲུལ་ཆས་སོགས་གློག་རྡུལ་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འདྲི་རྩད་དང་། དངུལ་ཁོངས་སྒྱུར་བ། དངུལ་སྨར་འདོན་པ་སོགས་ཀྱི་དངུལ་རྩའི་ལས་སྒོ་གཉེར་རྒྱུར་སྟབས་བདེ་བསྐྲུན་ཐོག དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”སེལ་བ་རེད།
        དུས་ཡུན་རིང་པོའི་ནང་མི་དམངས་དངུལ་ཁང་ལྷོ་ཁ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་སྣེ་ཁྲིད་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བརྟན་པོ་བསྲུངས་པ་དང་། “རྡོག་ཁྲེས་ཁྱེར་ནས་གཤམ་སྐྱོད་བྱེད་པ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི”ཕུལ་བྱུང་སྲོལ་རྒྱུན་ཁྱབ་གདལ་བཏང་བ། “3+2”ཞབས་འདེགས་ཞུ་སྟངས(ཤང་གྲོང་གི་གཞི་རིམ་དངུལ་རྩའི་དྲ་ཚིགས་སུ་ཉིན་གསུམ་ལས་ཀ་བྱེད་པ་དང་ཉིན་གཉིས་གཤམ་སྐྱོད་བྱེད་པ)ཁྱབ་གདལ་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་རང་བྱུང་ཆ་རྐྱེན་ཞན་པའི་ཤུགས་རྐྱེན་ཁྱད་བསད་ཀྱིས་དངུལ་རྩའི་སྲིད་ཇུས་དང་ཞབས་ཞུ་མཐའ་མཚམས་མི་སེར་གྱི་ཁྱིམ་གྱི་སྒོ་ཁར་འཁྱོལ་བ་བྱས་ཐོག མཐའ་སྲུང་ཞིང་འབྲོག་པའི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་སྐོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1