གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༢ཉིན།

༄༅།། འབྲས་སྐྲན་སློང་སྲིད་པའི་བཟའ་བཏུང་ཐད་ཀྱི་གོམས་གཤིས་ངན་པ།


        2020ལོའི《ཀྲུང་གོའི་འབྲས་སྐྲན་ལོ་འཁོར་ཚགས་པར》སྟེང་བཟའ་བཏུང་གོམས་གཤིས་ཀྱིས་འབྲས་སྐྲན་ལ་ཐེབས་པའི་ཤུགས་རྐྱེན་གསལ་པོར་བསྟན་ཡོད།དེས་ན་ང་ཚོས་དུས་རྒྱུན་དུ་བཟའ་བཏུང་གི་ཕྱོགས་ནས་མཉམ་འཇོག་གང་དག་བྱེད་དགོས་སམ་ཞེ་ན།

        གཅིག ཆང་འཐུང་བ། ཆང་བཅུད་ཀྱིས་འཇུ་ལམ་ལ་གནོད་འཚེ་ཆེན་པོ་ཐེབས་པར་མ་ཟད།མིད་པ་དང་ནུ་མ།མཆིན་པ།ལོང་ག་སོགས་ལ་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བཞིན་ཡོད།
        གཉིས། ཤ་དམར་བཟའ་བ། ཤ་དམར་ཞེས་པ་ནི་ཕག་ཤ་དང་སྐམས་ཤ།ལུག་ཤ་སོགས་མ་བཙོས་པའི་སྔོན་ལ་མདོག་དམར་པོ་ཡིན་པའི་ཤའི་རིགས་ལ་གོ་ཞིང་། དེའི་རིགས་ཀྱི་ནང་དུ་ཚད་ལོངས་ཚིལ་སྐྱུར་མང་པོ་འདུས་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིསA2རིམ་པའི་འབྲས་སྐྲན་སློང་བའི་ཟས་རིགས་ཀྱི་ནང་དུ་བཞག་འདུག ཤ་དམར་གྱིས་གཙོ་བོ་ལོང་གའི་འབྲས་སྐྲན་སློང་བ་རེད།
        གསུམ། ཚྭ་མང་དུ་བཟའ་བ། ཚྭ་བཟའ་ཚད་ཚད་ལས་བརྒལ་ན་ཕོ་འབྲས་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་ལ།དེས་མི་ཚད་ད་རུང་ཀླད་སྙིང་ཁྲག་རྩའི་ནད་དང་བརྗེ་ཚབ་རིགས་ཀྱི་ནད་རིགས་འབྱུང་ཚད་ཇེ་མཐོར་འགྲོ་སྲིད།
        བཞི། སིལ་ཏོག་མི་བཟའ་བ། སིལ་ཏོག་བཟའ་རྒྱུར་མི་དགའ་བའི་མི་ལ་ཁ་གྲེའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན།གློ་འབྲས་དང་ཕོ་འབྲས་སོགས་འབྱུང་བ་དང་། ཉིན་རེར་སིལ་ཏོག་ཁེ100ཡས་མས་ལས་མི་བཟའ་བའི་མི་ལ་སིལ་ཏོག་བཟའ་རྒྱུར་དགའ་བའི་མི་ལས་ཕོ་འབྲས་འབྱུང་ཚད་ཧ་ལམ་ལྡབ་གཉིས་ཀྱིས་མཐོ་བས། ཉིན་རེར་ཆེས་ཉུང་ནའང་སིལ་ཏོག་ཁེ300ཡན་བཟའ་དགོས།
        ལྔ། ཚི་སྣའི་བཟའ་ཚད་མི་འདང་བ། བཟའ་བཅའི་ཚི་སྣ་བཟའ་ཚད་དམའ་ན་ལོང་གའི་འབྲས་སྐྲན་འབྱུང་བ་དང་།གལ་ཏེ་ཉིན་རེའི་ཚི་སྣ་བཟའ་ཚད་ཁེ6ལས་དམའ་ན།དེའི་ལོང་གའི་འབྲས་སྐྲན་གྱི་འབྱུང་ཚད་ཉིན་རེའི་ཚི་སྣ་བཟའ་ཚད་ཁེ6ལས་མཐོ་བའི་མི་ལས85%ཡིས་མཐོ་བ་རེད།
        དྲུག བསིང་ཕྱེ་མིན་པའི་རིགས་ཀྱི་སྔོ་ཚོད་བཟའ་ཚད་དམའ་བ། བསིང་ཕྱེ་མིན་པའི་རིགས་ཀྱི་སྔོ་ཚོད་ཅེས་པ་ནི་ཞོག་ཁོག་སོགས་རྩ་བའི་རིགས་ཕུད་པའི་ལོ་མའི་རིགས་ཀྱི་སྔོ་ཚོད་ལ་གོ། དེའི་རིགས་ཀྱི་བཟའ་ཚད་མ་འདང་ན་ཁ་གྲེའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན། ཕོ་འབྲས་སོགས་ཀྱི་འབྱུང་ཚད་ཇེ་མཐོར་འགྲོ་བས། རབ་ཡིན་ན་ཉིན་རེར་ཁེ375ཡན་བཟའ་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1