དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས་དྲ་རྒྱའི་རྫུན་བཟོའི་དྲིལ་བསྒྲགས་གྱོད་དོན་ཞིག་ཞིབ་བཤེར་ཐག་གཅོད་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 02-05


            དྲ་རྒྱའི་འགྲེམ་བརྡ་དང་དྲིལ་བསྒྲགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཉོ་ཚོང་གི་ཁོར་ཡུག་ཡག་པོ་ཞིག་ཆགས་པར་བྱ་ཆེད། དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས་ལྟ་སྐུལ་དོ་དམ་དྲག་པོ་བྱེད་པ་ཞེས་པའི་ལས་ཀའི་རིག་ལམ་རྒྱུན་འཁྱོངས་སྒོས། དྲ་རྒྱའི་ཉོ་ཆོང་གི་ལྟ་སྐུལ་དོ་དམ་སྟེགས་བུ་འདི་ལ་གཞིགས་ནས་དྲ་རྒྱའི་ཐོག་གི་རྫུན་བཟོའི་དྲིལ་བསྒྲགས་འཚོལ་བཤེར་དང་མྱུལ་ཞིབ་བྱེད་བཞིན་ཡོད།

             ཉེ་ཆར། ཁྲིམས་སྐྱོང་མི་སྣས་དྲ་རྒྱའི་མྱུལ་ཞིབ་ལས་ཀའི་ཁྲོད་དུ་དཀར་མཛེས་ཁུལ་ནང་དུ་ཐོ་འགོད་དང་ནང་འཇུག་བྱས་པའི་ཁེར་འཇོག་མ་རྩའི་ཁེ་ལས་ཆང་རིགས་བཟོ་གྲྭ་ཞིག་གིས་གཞན་གྱི་དྲ་བ་བེད་སྤྱད་དེ། དྲ་ངོས་སུ་ཀྲུང་གོའི་ཆེས་སྤུས་དག་པ་དང་། ཆེས་གདོད་སྐྱེས། ཆེས་ཁྱད་ཆོས་ལྡན་པའི་དབྱར་རྩྭ་དགུན་འབུའི་བཅུད་འདུས་ཆང་རིགས་དང་ཁེ་ལས་ཀྱི་ངོ་སྤྲོད་རགས་བསྡུས་བཀོད་ཡོད་པ་ཞིག་མཐོང་། དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས་དྲ་བ་འདིར་ཞིབ་བཤེར་བྱས་པ་ན། འདི་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གྱི་ཁེ་ལས་ཆུང་བ་ཞིག་ཡིན་ཞིང་དྲ་རྒྱའི་ཐོག་དྲིལ་བསྒྲགས་བྱས་པ་དེ་དོན་དངོས་དང་ཤིན་ཏུ་མི་འཚམས་ཏེ། མ་གཞི་ཁེ་ལས་འདིའི་ཆང་རིགས་ནི་སྤྱིར་བཏང་གི་ཆང་དཀར་རིགས་ཤིག་ཡིན་པ་ལས། འདིའི་ནང་དབྱར་རྩྭ་དགུན་འབུའི་འཚོ་བཅུད་ཅི་ཡང་མེད་པ་རེད།  དྲ་རྒྱའི་ཉོ་ཚོང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཞིབ་བཤེར་ཐག་གཅོད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1