ཐའེ་ཝན་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཟམ་ལམ་ཐོག་བརྒྱབས་ཏེ་ཆུ་ནང་དུ་ལྷུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-05


ཐའེ་ཝན་གྱི་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུདོན་རྐྱེན་བྱུང་བའི་ཡུལ་དངོས།

l

ཐའེ་ཝན་གྱི་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུདོན་རྐྱེན་བྱུང་བའི་ཡུལ་དངོས།

           སྤྱི་ཟླ་2པའི་ཚེས་4ཉིན་གྱི་སྔ་དྲོའི་དུས་ཚོད་10དང་སྐར་མ་56གི་ཐོག ཐའེ་ཝན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་དོན། ཐའེ་ཝན་གྱི་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་ཟམ་ལམ་ཐོག་གདོང་ཐུག་བརྒྱབས་ཏེ། ཅི་ལུང་གཙང་བོའི་ཟམ་ཆེན་འོག་གི་ཆུ་ནང་དུ་ལྷུང་བ་རེད། དོན་རྐྱེན་བྱུང་མ་ཐག་མེ་གསོད་སྡེ་ཁག་དང་གནམ་གྲུའི་ནང་ཡོད་པའི་མི་དག་གི་ཉེ་འབྲེལ་ཚོ་དོན་རྐྱེན་བྱུང་ཡུལ་དུ་འབྱོར་ཞིང་མྱུར་སྐྱོབ་ཀྱི་ལས་ལ་བྲེལ། སྤྱིར་གནམ་གྲུ་འདིའི་ནང་དུ་ལས་བཟོ་བ་མི་5དང་འགྲུལ་བ་མི་གྲངས་53ཡོད་ལ། དེ་དག་གི་ཁྲོད་ལས་མི་31ནི་ཀྲུང་གོའི་སྐམ་ས་ཆེན་པོའི་མི་ཡིན་པ་རེད། དོན་རྐྱེན་བྱུང་བའི་ཡུལ་དངོས་ནས་གནས་ཚུལ་འབྱོར་གསལ། གནམ་གྲུའི་ནང་ཁྱོན་མི་གྲངས་58ཡོད་པ་ལས། མི་16རྐྱེན་ལམ་དུ་ཤོར་འདུག་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1