གསེར་རྟ་རྫོང་སྙིའི་ན་བ་བརླན་ས་རུ་དགོ་བའི་ཁྱུ་ཚོགས་ཤིག་དང་འཕྲད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-25



        ཉེ་ཆར། གསར་འགོད་པས་ལས་དོན་ཚོགས་ཆུང་གི་རྗེས་སུ་འབྲངས་ཏེ་གཞི་རིམ་དུ་སྐྱོད་པའི་ལམ་བར་དུ་སྙིའི་ན་བ་བརླན་ས་ནས་གློ་བུར་དུ་དགོ་བའི་ཁྱུ་ཚོགས་དང་འཕྲད་པ་རེད།

        དགོ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་ཤིག་ཡིན་ལ། རྒྱུན་དུ་གཙོད་དང་དབྱེ་བ་འབྱེད་དཀའ་བ་ཞིག་རེད། ཡིན་ཡང་དགོ་བ་དང་གཙོད་ཀྱི་ཁྱད་པར་གཙོ་བོ་ནི་དགོ་བ་ལ་ཡིད་དུ་འོང་བའི“སྙིང་གཟུགས་རྐུབ་དཀར”ཡོད་པ་དེ་ཡིན།
        ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་ཧུར་ཐག་གིས་བཏོད་པ་དང་འབྲེལ“རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང”དུ་གཏན་འཁེལ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ལ། རྩྭ་ཐང་བྱེ་འགྱུར་དང་ཉམས་ཞན་དུ་ཕྱིན་པར་བཅོས་སྐྱོང་ནུས་ལྡན་ཐེབས་པས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས། “སི་ཁྲོན་ནུབ་བྱང་ནགས་ཚལ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
        ཤེས་གསལ་ལྟར་ན། གསེར་རྟ་རྫོང་དུ་ཁྱོན་བསྡོམས་རྩ་ཆེའི་སྲོག་ཆགས་རིགས117ཡོད་པ་དང་། དེའི་ནང་རི་སྐྱེས་སྲོག་ཆགས་གསའ་དང་ཁྲུང་ཁྲུང་སྐེ་ནག གླ་བ། ཤྭ་སྐྱ། གླ་སོགས་ནི་རིམ་པⅠཔོའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་ཡོད་པ་མ་ཟད། གཞན་ད་དུང་ཤྭ་དཀར་དང་། དགོ་བ། ཆུ་ཤྭ། ཤྭ་བ་སེར་ཆེན། གནའ་བ། ཨོག་དཀར། ཆུ་སྲམ། སྤྲེའུ་གང་ག ཁ་ཤྭ། གཡི་སོགས་རིམ་པⅡཔའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱང་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1