༄༅།། ཨ་བྲ་དང་གངས་བྱིའུ་ཁུང་བུ་གཅིག་ཏུ་གནས་པ་ནི་དགྲ་ཡིན་ནམ་གྲོགས་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-26



སྤེལ་དུས 2021-11-01 ཡོང་ཁུངས། རྩོམ་པ་པོ།
པར་རིས་བྱ་རིགས་དྲ་བ་ལས་དྲངས།
          མདོ་དབུས་མཐོ་སྒང་ནི་གངས་བྱིའུ་ཡི་གནས་ཡུལ་གཙོ་བོ་ཞིག་ཡིན་ལ། གངས་བྱིའུ་ཡིས་རྩྭ་ཐང་གི་འབུ་རིགས་མང་ཤོས་ཁ་ཟས་བྱེད་བཞིན་ཡོད་སྟབས། འདི་ནི་རྩྭ་ཐང་གི་སྐྱེ་དངོས་མང་པོའི“སྲུང་མ”ལྟ་བུར་གྱུར་ཡོད། དུས་མཚུངས་སུ། མདོ་དབུས་མཐོ་སྒང་འདི་ཡང་ཨ་བྲའི་འཚོ་གནས་བྱེད་ས་ཆེས་ཆེ་བ་དེ་ཡིན་ལ། གྲངས་འབོར་མང་པོའི་འོ་འཐུང་སྲོག་ཆགས་ཆུང་གྲས་འདི་ཚང་མས་ཁས་ལེན་བྱེད་པའི་རྩྭ་ཐང་གི་བྱི་ནད་ཀྱི་གཏེ་བོ་ཞིག་ཀྱང་ཡིན།

པར་རིས་དྲ་བ་ལས་དྲངས།
          སེམས་ཅན་འདི་གཉིས་ལ་བལྟས་ཚོད་དུ་འབྲེལ་བ་ཅི་ཡང་མེད་ནའང་། གངས་བྱིའུ་ཡི་ཚང་ནི་རྟག་པར་ཨ་བྲའི་ཁུང་བུའི་ནང་དུ་བཟོས་ཡོད་སྟབས། གངས་བྱིའུ་ནི་ཨ་བྲའི་མགྲོན་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད། འདི་འདྲ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་ཐུན་མོང་གི་གཉེན་པོ་ཡོད་པའི་རྐྱེན་གྱིས་རེད།

པར་རིས་དྲ་བ་ལས་དྲངས།
          གླག་དང་ཁྲ། ཐ་ན་ཝ་མོ་དང་སྲེ་མོང་སོགས་ཀྱིས་ཀྱང་གངས་བྱིའུ་ལ་འཇབ་རྒོལ་བྱེད་པ་དང་། ཡངས་ཤིང་ཆེ་བའི་རྩྭ་ཐང་དུ་ཡིབ་སའི་དངོས་པོ་ཧ་ཅང་དཀོན་སྟབས། ཨ་བྲའི་ཁུང་བུ་ནི་གངས་བྱིའུ་ཡི་ཉེན་ཁ་གཡོལ་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། དེར་བརྟེན། གངས་བྱིའུ་ཉེན་ཁ་ལ་འཕྲད་དུས། འཕྲལ་མར་ཨ་བྲའི་ཁུང་བུའི་ནང་དུ་འཛུལ་ནས་ཉེན་གཡོལ་བྱེད་བཞིན་ཡོད།

པར་རིས་པའེ་ཏུའུ་ལས་དྲངས།
          ཨ་བྲའི་ཁུང་བུའི་ནང་དུ། ད་དུང་ཕྱོགས་མང་སར་རྒྱུ་ཆོག་པའི་ཕུག་ལམ་བཏོད་ཡོད་སྟབས། གཉེན་པོ་ཡིས་ཚེ་སྲོག་ལ་རྒོལ་བ་བྱས་ན། གངས་བྱིའུ་ཡིས་སྒྲ་བཏང་སྟེ་ཉེན་བརྡ་གཏོང་བ་དང་། དེ་ནས་གངས་བྱིའུ་དང་ཨ་བྲ་གཉིས་ཀ་ཁུང་བུའི་ནང་དུ་ཡིབ་ནས་འདུག་པ་ཡིན།

པར་རིས་འོད་གསལ་དྲ་བ་ལས་དྲངས།
          གངས་བྱིའུ་ཡིས་དུས་ཐོག་ཏུ་ཉེན་བརྡ་བཏང་བ་ལས་གཉེན་པོ་ཡིས་ཨ་བྲ་ལ་འཇབ་རྒོལ་བྱས་པའང་འབྲས་མེད་དུ་བཏང་ཡོད། གནས་ཚུལ་འདི་ལ་གཞིགས་ནས་བཤད་ན། གངས་བྱིའུ་ནི་ཨ་བྲའི“སྒོ་སྲུང་བ”གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་ལས་འགན་ལེགས་སྒྲུབ་ཀྱི“བརྡ་གཏོང་མཁན”ཞིག་ཀྱང་ཡིན་པ་རེད། དེའི་མི་ཚད། གངས་བྱིའུ་ནི་ཨ་བྲའི་ཁུང་བུའི་ནང་གི་གཞན་རྟེན་སྲིན་འབུ་ཡི་གནོད་འཚེ་བསལ་བའི“ཁྱིམ་སྡོད་སྨན་པ”ཞིག་ཏུ་གྱུར་ཡོད།

པར་རིས་འོད་གསལ་དྲ་བ་ལས་དྲངས།
          ཨ་བྲ་དང་གངས་བྱིའུ་གཉིས་ཞི་མཐུན་མཉམ་གནས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ཡོད་པར་མ་ཟད། ད་དུང་ཁུང་བུ་གཅིག་ཏུ་འཚོ་བའི་རང་བྱུང་ཁམས་ཀྱི་སྣང་ཚུལ་ངོ་མཚར་བ་ཞིག་ཆགས་ཡོད་པ་འདི་ནི་དུས་ད་ལྟར་ཡིན་ནའང་གསང་བ་ཞིག་ཏུ་གྱུར་ཡོད།
          གསང་བ་འདི་འདྲ་ཞིག་ཡོད་པའི་དབང་གིས། ཨ་བྲ་དང་གངས་བྱིའུ་ཁུང་བུ་གཅིག་ཏུ་གནས་པ་འདིར་སྐྱེ་དངོས་རིག་པ་བ་ལ་ཞིབ་འཇུག་གི་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་སུ་བཅུག་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1