ཅེ་ཁིའི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅེ་ཁིའི་ཙུང་ཐུང་ཙེ་མན་གྱིས་ཚེས་ཉེར་བརྒྱད་ཉིན་ལཱ་ནེ་མཁར་རྫོང་དུ་ཡོད་པའི་རང་གི་སྡོད་གནས་ནས་སྤྱི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྥེ་ཡཱ་ལཱ་དེ་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས། 
        བསྐོ་འཇོག་མཛད་སྒོ་དེ་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་། ཙེ་མན་ལ་ཚེས་ཉེར་ལྔ་ཉིན་པྲོག་གསར་གློ་ཚད་རིམས་ནད་ཀྱི་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པར་ཐག་བཅད་པའི་དབང་གིས་ཙུང་ཐུང་གཞུང་སྒྲུབ་ཁང་གིས་མཛད་སྒོ་དེ་རྗེས་སུ་མི་སྣུར་ཐབས་མེད་བྱུང་། མིག་སྔར་ཙེ་མན་སྔར་བཞིན་ལོག་བཀར་བྱས་ཡོད་སྟབས། བསྐོ་འཇོག་མཛད་སྒོར་དམིགས་བསལ་གྱི་བཀོད་སྒྲིག་བྱས། ཙེ་མན་དང་ཧྥེ་ཡཱ་ལཱ་གཉིས་ཤེལ་སྒོའི་ཕར་ཚུར་དུ་བསྡད་དེ་བཤད་སྦུག་ལ་བརྟེན་ནས་ཁ་བརྡ་བྱས་ཀྱང་། ཐད་ཀར་ཐོགས་རེག་བྱས་མེད། 
        ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧྥེ་ཡཱ་ལཱ་ཡིས་བསྟན་དོན། ནེ་ཀིའི་རྩ་འཛུགས་འཕེལ་རིམ་དེ་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་གྱི་སྔོན་ལ་ཡོངས་འགྲུབ་བྱེད་རྒྱུའི་རེ་བ་ཡོད་ཟེར། དེའི་སྔོན་ལ་ད་ལྟའི་ནེ་ཀི་ཡིས་ལྟ་སྐྱོང་སྲིད་གཞུང་གི་ཚུལ་དུ་མུ་མཐུད་དུ་སྲིད་འཛིན་དགོས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1