ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་ས་ཡོམ་རིམ་པ་5.8བརྒྱབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-02



སྤེལ་དུས 2021-12-01 ཡོང་ཁུངས། རྩོམ་པ་པོ།
          ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་སྟེ། ཟླ་11ཚེས་30ཉིན་གྱི་ཆུ་ཚོད་21དང་སྐར་མ་53ཐོག་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་31.76དང་། ཤར་གྱི་གཞུང་ཐིག་ཏུའུ་87.94)དུ་ས་ཡོམ་རིམ་པ་5.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི་10ཡོད་པ་རེད།

          ས་ཡོམ་ལྟེ་བ་ནི་ས་མཐོར་གནས་ཤིང་། ཉེ་འགྲམ་དུ་མི་འབོར་ཧ་ཅང་ཉུང་བ་རེད། ས་ཡོམ་ཆ་འཕྲིན་བརྒྱུད་གཏོང་མཁན་འཕྲུལ་མིར་གཞིགས་ན། ས་ཡོམ་ལྟེ་བ་ནས་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་4554ཡིན་པ་དང་། ས་ཡོམ་ལྟེ་བ་དང་ཐག་ཉེ་ཤོས་ཀྱི་ཤང་གྲོང་སྟེ་མཚོ་སྦྲེལ་ལྷོ་མ་གྲོང་རྡལ་བར་སྤྱི་ལེ་17གྱི་བར་ཐག་ཡོད་པ་དང་། ས་ཡོམ་ལྟེ་བ་ནས་ཉི་མ་རྫོང་དང་བར་ཐག་སྤྱི་ལེ་67ཡོད་ཅིང་། མཚེའུ་གཉིས་རྫོང་དང་བར་ཐག་སྤྱི་ལེ་180ཡོད་པ། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་385ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1