སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 12-03



        (༢༠༢༡ལོའི་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པར་གྲོས་འཆམ་བྱུང་། )

     ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ་༢༠༢༡ལོའི་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར་ཁྲེན་ཏུའུ་རུ་འཚོགས་པ་རེད། 


      ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གྱ་གསུམ་དང་། རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་བཞི་ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ཨུ། ཞིང་ཆེན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས།  ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁག་ཅིག་དང་ཆེད་མཁས་པ། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་བཅས་གྲོས་ཚོགས་ནང་ཟུར་ཞུགས་བྱས། ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་རེད། ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བ་རེད།

      ཚང་འཛོམས་གྲོས་ཚོགས་ནང་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དང་།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀར་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་བྱེད། ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ལ་གསན་པ་དང་གྲོས་མོལ་གནང་བ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུས་འབྲས་བརྟན་པོ་གཏོང་བའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས་དང་། ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་དམིགས་འབེན་བྱས་ཏེ་འབག་མེད་ཐཱན་ཉུང་གི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཕེང་ཆིང་ཧྭ་ཡིས་གཏན་འབེབས་༼གྲོས་མོལ་འཆར་ཟིན༽་གཉིས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

       ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ང་ཚོ་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་གལ་ཆེན་གྱི་དུས་སྐབས་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ལོ་བརྒྱ་ཐམ་པ་དང་པོའི་འབད་བརྩོན་དམིགས་འབེན་ལེགས་འགྲུབ་བྱུང་བ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་འགྲུབ་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་སྐབས་སུ་འཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་གྲོས་ཚོགས་ཤིག་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ལ་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་གྲོས་འཆམ་བྱུང་བ་སྟེ། ཏང་གིས་བརྒྱུད་མྱོང་བའི་ལོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ལ་ཕྱི་མིག་བལྟས་ནས། ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་གཙོ་གནད་དུ་བཟུང་ནས་འགྲེལ་བརྗོད་བྱས། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་ལ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་གསར་འབྱེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ཀྱི་ཕྱོགས་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ལས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པའི་ཐད་རྒྱས་བཤད་གཏིང་ཟབ་བྱས། ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཐད་བླང་བྱ་གལ་ཆེན་བཏོན་པ་དང་། མིག་རྒྱང་རིང་བ། བསམ་བློ་ཟབ་པ། ནང་དོན་ཕུན་སུམ་ཚོགས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་འབྱེད་བྱས་ནས་བགྲོད་ལམ་གསར་པ་དང་ལེའུ་གསར་པ་མུ་མཐུད་དུ་རྩོམ་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

      ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ནང་དོན་གཙོ་བོ་དང་ཕུན་སུམ་ཚོགས་པའི་དོན་སྙིང་དམ་འཛིན་ཡང་དག་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་ཐོག་མའི་སེམས་འདུན་དང་འགན་འཁྲི། གྲུབ་འབྲས་གལ་ཆེན་ཡིད་ལ་ངོས་འཛིན་ཡག་པོ་ཐོབ་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། ཁྱད་པར་དུ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་གསལ་སྟོན་བཅུ་ཡི་སྙིང་དོན་གལ་ཆེན་ལ་ངོས་འཛིན་ཡག་པོ་ཐོབ་དགོས། ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ་དང་རྒྱུན་འཁྱོངས་བཅུ་ཡི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་ཡག་པོ་ཐོབ་དགོས། ལོ་རྒྱུས་ལ་དཔེ་བལྟས་བྱས་ཏེ་མ་འོངས་པ་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ལ་ངོས་འཛིན་ཡག་པོ་ཐོབ་དགོས། ཏང་གི་འབད་བརྩོན་བརྒྱུད་རིམ་ཁྲོད་ཤེས་རབ་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ལས་འགན་གལ་ཆེན་ལ་ངོས་འཛིན་ཡག་པོ་ཐོབ་པ་བཅས་བྱས་ནས་ང་ཚོ་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་བྱ་གཞག་ཀྱི་ལས་འགན་ཕྲག་ལ་ལེན་པའི་སེམས་ཤུགས་ཀྱིས་ལོ་རྒྱུས་ཀྱི་ཡིད་ཆེས་བརྟན་པོ་དང་ལོ་རྒྱུས་ཀྱི་ཆོས་ཉིད་བརྩི་སྲུང་། ལོ་རྒྱུས་ཀྱི་རང་རྟོགས་དམ་འཛིན་བྱེད་པའི་ཁྲོད། ཏང་འཛུགས་ཀྱི་རླབས་ཆེན་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱས་ནས། མུ་མཐུད་དུ་དཀའ་སེལ་འགག་སྒྲོལ་དང་གསར་སྤེལ་མདུན་སྐྱོད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས། 

      ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོཊ་ཐེངས་བརྒྱད་པ་འཚོགས་ནས་བཟུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་གདེང་འཇོག་གང་ལེགས་བྱས། རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་དང་རིམས་ནད་ཀྱི་གནོད་སྐྱོན་གྱི་ཤུཊ་རྐྱེན་ཐེབས་པའི་མདུན། “ལོ་ལྔ་ཚན་བཅུ་བཞི་པའི”དུས་འགོ་འཛུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་ལས་འགན་ལྗིད་པོར་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དོན་འཁྱོལ་བྱས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྐུལ་སྤེལ་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་དང་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་བ། གསར་གཏོད་སྐུལ་འདེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་བསྐྱེད་དེ་ཤང་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་འབྲེལ་མཐུད་ནུས་ལྡན་སྟེར། ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དང་གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་དང་བསྒྱུར་བཅོས་ཀྱི“རྗེས་མའི་”ལས་དོན་འགངས་ཆེན་ཡག་པོ་གཉེར་བ། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་སུ་སྐྱོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་ངང་ཞུགས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་ལས་ཀར་ཤུགས་སྣོན་པ། དམངས་གཙོའི་ཆབ་སྲིད་འཛུགས་སྤེལ་ལ་སྐུལ་འདེད་བྱེད། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པ། སྔར་ལས་བདེ་འཇགས་ཡིན་པའི་སི་ཁྲོན་འཛུགས་སྐྲུན་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སི་ཁྲོན་གྱི་ལས་དོན་ཁག་འཕེལ་རྒྱས་གསར་པ་དང་འཕེལ་རྒྱས་ཆེན་པོ་བསྐྲུན་དགོས་པ་ངོས་འཛིན་གཅིག་མཐུན་བྱུང་། 

      ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ། ང་ཚོས་སྒྲུབ་བཞིན་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་སྤོབས་པ་ཆེ་རུ་བསྐྱེད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་པ་སྤོས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་གཏིང་ཟབ་ལོན་པ། བརྩེ་སེམས་བཅངས་ནས་དངོས་དོན་སྒྲུབ་པ། བློ་རྩ་བརྟན་པོས་ལས་དོན་གསར་པ་སྒྲུབ་པ་བཅས་ལ་ཁྲིད་སྟོན་བྱས་པས། ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བཀོད་སྒྲིག་གལ་ཆེན་བྱས། ཐེངས་འདིའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད་ཆོད་དོན་ཡང་འཇོག་པར་ཞིབ་འཇུག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་བས་སྟངས་འཛིན་ཡག་པོ་བྱས་ནས་བསམ་བློའི་བྱ་སྤྱོད་སྔར་བས་གཅིག་གྱུར་དང་མདུན་སྐྱོད་ཀྱི་ཡིད་ཆེས་བརྟན་པོ་རུ་གཏོང་བ།“འདུ་ཤེས་བཞི”ཆེར་གཏོང་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཐད་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ། “ཉམས་སད་ཆེན་པོ་བཞི་”ལ་དཔའ་ངར་ཆེན་པོས་ཁ་གཏད་འཇལ་བ་དང་། “ཉེན་ཁ་རིགས་བཞི་”ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བྱེད་པ། དུས་རབས་གསར་པར་ཏང་ལེགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་སྔར་བས་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཞིང་ཆེན་ཡོངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་ཏན་ཏིག་གཏོང་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་གནད་དག་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ཏེ། སྔར་ལས་ལྷག་པར་ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་ཆེར་གཏོང་བ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་བརྩི་མཐོང་།  ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་བསྟར་མཁས་པ་བཅས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།

       ཚང་འཛོམས་གྲོས་ཚོགས་ཐོག། ཏང་གི་ལོ་རྒྱུས་སློབ་སྦྱོང་ལས་གནས་ལུགས་གོ་ཤེས་དེ་ལས་ཟབ་མོ་ཆགས་པར་ དམིགས་ཏེ་རིགས་གཞུང་དྲག་སྤྲོས་ཇེ་དྲག་དང་ཕུགས་འདུན་འདུ་ཤེས་གཏན་སྲུང་རྒྱུན་འཁྱོངས་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་མི་ལས་བྱེད་ཀྱི་བསམ་བློ་དྲག་སྤྲོས་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཆོད་དོན་ལ་སློབ་སྦྱོང་སློབ་གསོ་ནན་མོ་བྱེད་པ། ལོ་རྒྱུས་ཡིད་ཆེས་འབུར་དུ་ཐོན་ལ་ལོ་རྒྱུས་བཞིའི་སློབ་གསོ་ཇེ་ཟབ་ཏུ་གཏོང་བ། ནམ་ཡང་མར་ཁེ་སི་རིང་ལུགས་ཀྱི་དད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ཡིད་ཆེས་རྒྱུན་འཁྱོངས། ཏང་གི་ལོ་རྒྱུས་སློབ་སྦྱོང་ལས་ཡིད་ཆེས་ཇེ་དྲག་ལ་དམིགས་ནས་དངོས་སུ་ཆབ་སྲིད་ནུས་པ་མཐོར་འདེགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་གཏན་སྲུང་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལྷོད་གཡེང་གཏན་ནས་མི་ཤོར་ཞིང་ཏང་ལ་བློ་སེམས་དཀར་བའི་སློབ་གསོ་ཇེ་དྲག་བཏང་ནས་དུས་རྒྱུན་དུ་ཆབ་སྲིད་དག་བཤེར་བྱས་ནས་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། བློ་བརྟན་གྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་གཅིག་གྱུར་བྱས་ནས་ཏང་མི་ལས་བྱེད་པས་གཏན་འབེབས་གཉིས་ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེག་རྒྱས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཕུགས་ཐག་ཆོད་པའི་དོན་སྙིང་ཁོང་དུ་ཆུད་པར་སྣེ་ཁྲིད་བྱེད་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་དགོས།  ལོ་རྒྱུས་སློབ་སྦྱོང་ལས་ཀུན་སྤྱོད་དེ་བས་ཡ་རབས་ལ་དམིགས་ནས་གསར་བརྗེ་སྙིང་སྟོབས་དང་གུང་ཁྲན་ཏང་མིའི་ཕུལ་དུ་བྱུང་བའི་ཁྱད་ཆོས་རྒྱུན་འཛིན་ཡག་པོ་བྱེད་དགོས། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་བྱེད་པའི་སྙིང་སྟོབས་རབ་དང་རིམ་པ་རྒྱུན་མཐུད་དང་། མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་ཡ་རབས་ཀུན་སྤྱོད་གོང་དུ་སྤེལ་བ། བྱ་གཞག་དག་རྒྱུན་འཛིན་པ་ཡོད་ཅིང་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁྲི་ལྡན་པའི་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། རང་ངོས་གསར་བརྗེ་ལས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ཟབ་སྤེལ་དང་། ནམ་ཡང་ཏང་མི་ལས་བྱེད་ཀྱི་དཔུང་ཁག་སྔོན་ཐོན་དང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་སློབ་སྦྱོང་ལས་ཡང་བསྐྱར་ལག་ལེན་འཕེལ་རྒྱས་གཞིར་བྱས་ཏེ། འགན་འཁྲི་ཕྲག་ཏུ་བླངས་ཤིང་ནམ་ཡང་འབད་བརྩོད་ལྷོད་མེད་བྱེད་དགོས་པ། ཏང་མི་ལས་བྱེད་ཀྱིས་འགན་འཁྲི་ནན་མོ་དང་འགན་ཁུར་ཕོད་པར་སྐུལ་མ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ནུས་མཐོར་འདེགས་གཏོང་བ། བདེན་འཚོལ་དོན་གཉེར་ཀྱི་རྣམ་པ་ཇེ་ཆེར་གཏོང་བ། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། འབད་པ་ལྷོད་མེད་ཀྱིས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་ཀྱི་འཕེལ་རིམ་གསར་པ་གཏོད་དགོས་ཞེས་བཏོན་པ་རེད།  

     ཚང་འཛོམས་གྲོས་ཚོགས་ཐོག འབག་མེད་ཐཱན་ཉུང་གི་འཕེལ་རྒྱས་ནི་དེང་སང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁྱད་ཆོས་མངོན་གསལ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་བླང་བྱའང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་གཅིག་འདོམས་དང་གཟིགས་རྒྱང་རིང་པོས་འབག་མེད་འཕེལ་རྒྱས་ལ་དམིགས་ནས་གསུང་བཤད་རབ་དང་རིམ་པ་གནང་ཞིང་། ༢༠༣༠ལོའི་སྔོན་དུ་ཐཱན་རྩེར་སོན་དང་༢༠༦༠ལོའི་སྔོན་དུ་ཐཱན་གཏོང་སྙོམས་དངོས་སུ་འགྲུབ་པའི་འཐབ་ཇུས་གལ་ཆེན་གཏན་འབེབས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབག་མེད་ལུགས་བསྒྱུར་ཡོང་བར་རྩ་བའི་བླང་བྱ་བཏོན་པ་རེད། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྤུས་དག་དྭངས་གཙང་ནུས་ཁུངས་གནས་གཞི་དང་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་བྱེད་བཞིན་ཡོད་པས་འབག་མེད་ཐཱན་ཉུང་འཕེལ་རྒྱས་ཀྱི་དངོས་ཡོད་རྨང་གཞི་དང་མདུན་ལམ་རྒྱ་ཆེ་ལྡན། སྐབས་དང་བསྟུན་ནས་འབག་མེད་ཐཱན་ཉུང་གི་གནས་བབ་ཡག་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་སུ་རྒྱལ་ཁབ་ཀྱི་ཐཱན་རྩེར་སོན་ནམ་ཐཱན་གཏོང་སྙོམས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། འབག་མེད་འཕེལ་རྒྱས་ཀྱི་འགན་ཁུར་གསར་པ་མཚོན་པའི་མ་སྐུལ་དང་བླང་གི་བྱ་བ་རེད་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུགས་གཉིས་ནང་ཟབ་འཇུག་བྱེད་པ་དང་།ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་མཐོར་འདེགས་གཏོང་བའི་འཐབ་ཇུས་ལག་ལེན་རེད། ནན་ཏན་གྱིས་འབག་མེད་ཐཱན་ཉུང་ལུགས་བསྒྱུར་གྱི་གོ་སྐབས་བརྩོན་ལེན་དང་། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱེད་པའི་རང་འདོད་ཀྱི་འདེམས་ཀ་རེད།  རང་ཉིད་ཀྱི་བསྡུར་བའི་དགེ་མཚན་ལྷག་པར་དུ་འདོན་སྤེལ་བྱེད་པ་དང་། མངའ་ཁོངས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྐུལ་སྤེལ་གཏོང་བའི་དངོས་ཡོད་དགོས་མཁོ་རེད། ནུས་ལྡན་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུག་བསྐྲུན་བྱེད་པར་འདེགས་སྐྱོར་སྲ་གཏན་མཁོ་འདོན་བྱེད་ངེས་ཡིན། ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་ཀྱི་དམིགས་འབེན་འགྲུབ་དགོས་ན། ནུས་ཁུངས་འབག་མེད་ཐཱན་ཉུང་འཕེལ་རྒྱས་ཡོང་བ་འགག་རྩར་བཟུང་ནས་དྭངས་གཙང་ནུས་ཁུངས་ཀྱི་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བའི་ལམ་ཕྱོགས་དམ་དུ་འཛིན་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་དྭངས་གཙང་ནུས་ཁུངས་ཐོན་ལས་དང་།དྭངས་གཙང་ནུས་ཁུངས་འདེགས་སྐྱོར་ཐོན་ལས། དྭངས་གཙང་ནུས་ཁུངས་དངོས་སྤྱོད་ཐོན་ལས་སོགས་འཕེལ་རྒྱས་གཏོང་དགོས། ནུས་ཁུངས་སྒྲིག་གཞི་དང་ཐོན་ལས་སྒྲིག་གཞི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་སྐུལ་འདེད་ཇེ་མགྱོགས་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབག་མེད་ལུགས་བསྒྱུར་ཡོང་བར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། སི་ཁྲོན་དེ་རྒྱལ་ཡོངས་སུ་སྔོན་ཐོན་གྱི་འབག་མེད་ཐཱན་ཉུང་ལག་རྩལ་གསར་གཏོད་འབྱུང་ཡུལ་དང་། འབག་མེད་ཐཱན་ཉུང་གི་གནས་བབ་ལེགས་པའི་ཐོན་ལས་གཅིག་བསྡུས་ཐེག་ཁུལ། ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་ཀྱི་དམིགས་འབེན་དངོས་འགྲུབ་འཐབ་ཇུས་འདེགས་སྐྱོར་ཁུལ། མི ་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབག་མེད་འཕེལ་རྒྱས་སྔོན་བསྐྱོད་ཁུལ་དུ་འཛུགས་བསྐྲུན་ཇེ་མགྱོགས་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་དང་སི་ཁྲོན་གྱི་མ་འོངས་པར་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་བའི་འབག་མེད་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུ་ཞིག་གཏོད་དགོས་ཞེས་བཏོན་པ་རེད།

      ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དྭངས་གཙང་ནུས་ཁུངས་ཐོན་ལས་སྔོན་ཐོན་དང་སྟོབས་ཆེར་གཏོང་བ། ཆུ་དང་རླུང་།འོད་བཅས་ནུས་མང་གསབ་རེས་གཞི་གཅིག་ཅན་གྱི་འཕེལ་རྒྱསལ་སྐུལ་འདེད་གཏོང་བ། གཞི་ཁྱོན་ཅན་གྱི་རང་བྱུང་སོལ་རླངས་གསར་སྤེལ་དང་བེད་སྤྱོད་གཏོང་བ།་གོ་རིམ་ལྡན་པའི་ངང་དྭངས་གཙང་ནུས་ཁུངས་སྣ་མང་གསར་སྤེལ་གཏོང་བ།མཁོ་སྤྲོད་བརྟན་པོ་དང་མཉམ་སྒྲུབ་གསབ་རེས།རང་ངོས་སྙོམ་སྒྲིག་གི་ནུས་པ་མཐོར་འདེགས་ཇེ་མགྱོགས་གཏོང་དགོས།  དྭངས་གཙང་ནུས་ཁུངས་འདེགས་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེ་གཏོང་བ། ཤེལ་གཟུགས་འོད་ཤུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་གཏོང་བ། མུ་མཐུད་ནས་ནུས་ཁུངས་སྒྲིག་ཆས་ཐོན་ལས་སྟོབས་ཆེ་གཏོང་བ།སྣ་མང་མཐུན་སྦྱོར་གྱི་ནུས་ཁུངས་གསོག་འཇོག་མ་ལག་འཛུགས་བ། དྭངས་གཙང་ནུས་ཁུངས་འདྲེན་སྡེབ་མ་ལག་འཐུས་ཚང་དུ་བཏང་ནས། དྭངས་གཙང་ནུས་ཁུངས་ཀྱི་ཐོན་སྐྱེད་དང་འདྲེན་སྡེབ།མཁོ་སྤྲོད་བཅས་ལ་ཞབས་ཞུ་གང་ལེགས་སྒྲུབ་དགོས།

      དྭངས་གཙང་ནུས་ཁུངས་དངོས་སྤྱོད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་དང་། སྒུལ་ཤུགས་གློག་རྫས་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཀྱི་ལུགས་བསྒྱུར་རིམ་སྤར་བྱུང་བ། གཞི་གྲངས་ཆེན་པོའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བྱུང་བ། ཧྥན་ཐེ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་ཟབ་སྤེལ་བྱུང་བར་སྐུལ་འདེད་བཏང་ནས། དྭངས་གཙང་ནུས་ཁུངས་དངོས་སུ་བེད་སྤྱོད་དང་རིན་ཐང་ཆེ་རུ་གཏོང་དགོས། འབག་མེད་ཐཱན་ཉུང་གི་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་གསར་གཏོད་ཤུགས་ཆེར་གཏོང་བ་དང་། རང་བརྟེན་གསར་གཏོད་དང་ལག་རྩལ་ནང་འདྲེན་ཟུང་འབྲེལ་རྒྱུན་འཁྱོངས་བྱ་དགོས། རམ་འདེགས་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་བྱེད་པ། ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་རྒྱ་སྐྱེད་དང་། ཐོན་ལས་ཀྱི་གྲངས་གཞིའི་ནུས་པ་འདོན་སྤེལ་ཇེ་མགྱོགས་བཏང་ནས་། འབག་མེད་ཐཱན་ཉུང་གི་ལེགས་ཆ་ལྡན་པའི་ཐོན་ལས་དང་ཆ་སྒྲིག་པའི་ཚན་རྩལ་གསར་གཏོད་ཀྱི་མ་ལག་ཆགས་པ་སྐུལ་འདེད་གཏོང་དགོས།

       འབག་མེད་ཐཱན་ཉུང་གི་ལེགས་ཆ་ལྡན་པའི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་འཛུགས་ནས། གཙོ་གནད་ས་ཁོངས་ལ་གཅིག་སྡུད་བཀོད་སྒྲིག་དང་། ཁྱད་ལྡན་གླིང་ཁུལ་ལེགས་བསྡུས་གོང་འཕེལ། ལེགས་ཆའི་ལྡན་པའི་ཁེ་ལས་མཉམ་འཛོམས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། འབག་མེད་ཐཱན་ཉུང་ཚད་གཞི་ཅན་དང་ཚོང་རྟགས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། ས་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གཞི་ཁྱོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། ཁྲོམ་ར་ཅན་གྱི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་མཉམ་ལས་དང་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། འབག་མེད་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་། ལས་ཀའི་མ་ལག་དང་སྐུལ་འདེད་ནང་རྐྱེན་འཐུས་སྒ་ཇེ་ཚང་བཏང་ནས་འབག་མེད་ཐཱན་ཉུང་གི་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

       ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ་དམ་འཛིན་ཏན་ཏིག་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་མཁན་དང་སྲུང་སྐྱོང་གཉིས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་མཁན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཏང་གི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་རང་རྟོགས་དམ་འཛིན། བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ། ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ། དཀའ་སྤྱད་སྙིང་རུས་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་རྩ་བ་བརྟན་པོ་ཚུགས་པ་དང་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

     ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་༢༠༢༢ལོའི་ཟླ་༥པར་ཁྲེང་ཏུའུ་རུ་འཚོག་རྒྱུའི་ཐག་བཅད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་སི་ཁྲོན་གྱི་བགྲོད་ལམ་གསར་པར་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཞིང་ཆེན་བཅོས་སྐྱོང་དང་དར་སྤེལ་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སི་ཁྲོན་གྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ལ་བསུ་མ་ཞུ་དགོས་པའི་ངོས་འཛིན་བྱེད།

      ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ལས་གནས་སྤོས་བ་དང་ཡང་ན་ལས་དགོངས་རྩ་ཞུས་བཅས་དབང་གིས་བློ་མཐུན་ལིའུ་ཙུའོ་མིང་དང་། ལི་ཀང་། ཤའོ་ཡིའུ་ཚའེ་བཅས་ཀྱི་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་གྱི་གོ་གནས་ལས་དགོངས་ཞུ་བྱེད་པར་ཆོག་མཆན་སྤྲད་པ་རེད།

      ཚང་འཛོམས་གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིན་གྱིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་།  འདས་པའི་དཀའ་སྡུག་མི་བརྗེད་པ་དང་། དེང་གི་ལས་འགན་འཁུར་ཕོད་པ། མ་འོངས་པའི་རླབས་ཆེན་ཕུགས་འདུན་སྟོང་ཟད་དུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ།མ་འོངས་གསར་གཏོད། དཀའ་སྤྱད་སྙིང་རུས། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས། དུས་རབས་གསར་པའི་ནང་སི་ཁྲོན་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་འགྲུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་འབོད་སྐུལ་གཏོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1