རྒྱ་ཤུག་རི་འདབས་ཀྱི་ཤྭ་སྐྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-06



    མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་རྒྱ་ཤུག་རི་བོར་ཤྭ་སྐྱ་ཁྱུ་དང་ཁྱུ་བྱས་ནས་ལྟོ་འཚོལ་བ་དང་གང་སར་རྒྱུ་བ་མངོན། ཤྭ་སྐྱ་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་ཤྭ་རིགས་ཤིག་ཡིན་ཞིང་། དཔེ་མཚོན་ཅན་གྱི་མཐོ་སྒང་གྲང་འཁྱག་གི་སྲོག་ཆགས་ཤིག་རེད། འཚོ་གནས་བྱེད་སའི་ས་འགོ་ལ་སྨི་3500ནས་5100བར་ཡོད་ཅིང་། གཙོ་བོ་མཚོ་བོད་ས་མཐོ་དང་དེའི་མཐའ་རྒྱུད་ཀྱི་རི་མཐོའི་རྩྭ་ཐང་ས་ཁུལ་དུ་ཁྱབ་ཡོད་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རེད།

   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་པོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཐུབ་རྒྱུར་འཚོ་གནས་ཀྱི་བར་མཐོངས་མཁོ་འདོན་བྱས་པས། ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1