ཞི་ཅིན་ཕིང་གིས་ཐའེ་ཕན་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་གནམ་གྲུའི་དོན་རྐྱེན་བྱུང་བར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-06


   

           2015ལོའི་སྤྱི་ཟླ་2པའི་ཚེས་4ཉིན། ཐའེ་ཝན་བསྐྱར་དར་མཁའ་འགྲུལ་སྤྱི་གཉེར་ཁང་གི་འཕུར་རེས་GE-235པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཐའེ་པེ་སུང་ཧྲན་གནམ་གྲུ་ཐང་ནས་འཕུར་འགོ་བརྩམས་ཏེ་དུས་ཡུན་རིང་པོ་མ་ལོན་པར་ཅི་ལུང་གཙང་བོའི་ནང་དུ་ལྷུང་ཡོད། ཐའེ་ཝན་སྨྱན་སྦྱོར་གྱིས་ཚེས་5ཉིན་གྱི་ཞོགས་པར་གནས་ཚུལ་སྤེལ་དོན། མིག་སྔར་བསྡོམས་རྩིས་བྱས་པའི་ཁྱབ་བསྒྲགས་ལྟར་ན། གནམ་གྲུའི་ནང་དུ་ཁྱོན་མི་གྲངས་58ཡོད་པའི་ནང་མི་31ཚེ་ལས་འདས་ཤིང་།  མི་15ལ་རྨས་སྐྱོན་ཕོག་ཡོད། མི་12གྱིས་སྐྱོབ་རོགས་སྒུག་ཡོད་ཟེར།

           དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་གནང་ཡོད་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགྱོགས་མྱུར་ལྡན་པའི་ངང་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་ཡོད་དེ། གང་མགྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱ་དགོས་ཤིང་། ཧུར་བརྩོན་དང་རོགས་རེས་ཀྱིས་རྨས་མ་དག་སྐྱོབ་དགོས་པར་མ་ཟད། ཁོང་ཚོའི་ནང་མི་ཚོར་སེམས་གསོ་བྱེད་པ་སོགས་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1