༄༅།། བར་ཆད་ངན་པ་དང་དུ་ལེན་རོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-08


        བར་ཆད་ངན་པ་དང་དུ་ལེན་རོགས།གསུང་ཚིག་གྲགས་ཅན་འདི་ལྟ་བུ་ཞིག་ཐོས་མྱོང་ཡོད་དེ། སྡུག་བསྔལ་གྱི་གཡང་ལ་ལྷུང་བའི་སྐབས་སུ།“སྡུག་བསྔལ་འདི་ཏག་ཏག་ངའི་མགོ་ལ་ཡོང་དགོས་དོན་ཅི་ཡིན་ནམ”ཞེས་མི་འདྲི་རོགས། རྒྱུ་མཚན་ནི་བདེ་སྐྱིད་ཀྱིས་ཁྱེད་རང་མདུན་ནས་བསུ་བའི་སྐབས་སུ། དྲི་བ་དེ་འདྲ་འདོན་མཁན་གྱི་མི་ཞིག་མེད་པས་སོ།། དོན་དངོས་སུ་བཤད་ན། མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་བར་ཆད་ངན་པ་ཉམས་སུ་མྱོང་བ་དེ་ཡང་འཚོ་བའི་ཁྲོད་ཀྱི་མྱོང་ཚོར་ཞིག་ཡིན་ལ། ཐ་ན་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར་ཁྱད་པར་བ་ཞིག་ཡིན་ཞེས་བཤད་ཀྱང་ཆོག མི་མང་པོ་ཞིག་གིས་བར་ཆད་མང་པོ་མང་པོ་ཞིག་བརྒྱུད་རྗེས་ད་གཟོད་འོད་སྟོང་འབར་བའི་མི་ཚེ་བསྐྲུན་པ་རེད།དེང་རབས་དངོས་ལུགས་རིག་པ་བ་སི་ཏེ་ཧྥེན●ཝེ་ལན●ཧོ་ཅིན་ཡི་མི་ཚེ་ནི་དབང་པོ་སྐྱོན་ཅན་གྱི་རླངས་འཁོར་ཆུང་ཆུང་ཞིག་གི་སྟེང་དུ་བསྐྱལ་བ་རེད། ལུས་ཧྲིལ་པོ་འགུལ་ཐབས་མེད་པའི་དབང་གིས། ཁོས་རླངས་འཁོར་སྟེང་དུ་བཞག་ཡོད་པའི་དམིགས་བསལ་སྒྲ་བརྒྱུད་མ་ལག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློའི་བརྩེ་དུང་མཚོན་པ་རེད། འོན་ཀྱང་ཁོར་བསམ་བློ་འཛོམས་པོ་ཞིག་དང་བརྩེ་བ་དྲོན་མོ་ཞིག་ཡོད། ཁོའི་ཀླད་པའི་ནང་དུ་འཇིག་རྟེན་གྱི་སྐར་མའི་གོ་ལ་ནི་དེ་འདྲའི་གཏིང་ཟབ་པ་ཞིག་དང་།ཁོའི་བསམ་བློས་དེའི་བར་གསེང་དུ་རང་དབང་ལ་ཅི་དགར་རོལ་མྱོང་བྱེད་ཆོག་པས། ཁོས་རྒྱུན་དུ་ལས་དབང་ནི་ཅི་འདྲའི་སྡུག་ནའང་། མི་ལ་དེ་བསྟུན་གྱི་བྱེད་ཐབས་ཤིག་ཡོད་ངེས་པས།ཚེ་སྲོག་ཡོད་ན་རེ་བ་ཡོད་ཟེར།བར་ཆད་ངན་པ་ནི་སྡུག་བསྔལ་ཞིག་ཡིན་པ་དང་།སྡུག་བསྔལ་དེས་ང་ཚོར་མིག་ཆུ་འདོན་དུ་འཇུག་སྲིད་མོད།འོན་ཀྱང་སྡུག་བསྔལ་ནི་རྒྱུ་ནོར་ཞིག་ཡིན་ཞེས་བཤད་ཀྱང་ཆོག དོན་དངོས་སུ་བཤད་ན་བར་ཆད་ངན་པ་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་མིན་ལ།འཇིགས་སུ་རུང་བ་ནི་བར་ཆད་ངན་པའི་ཁྲོད་ཀྱི་གོ་སྐབས་བཟང་པོ་ངོས་མ་ཟིན་པ་དེ་རེད།མི་ཚེའི་བཞུད་ལམ་རིང་མོའི་ཁྲོད།མི་སུ་དང་སུ་ཞིག་ཡིན་རུང་ཡོད་ཚད་བདེ་བླག་ཡོང་མི་ཐུབ་པ་དང་།བར་ཆད་དང་སྡུག་བསྔལ་ནི་གཡོལ་དུ་མེད་པ་ཞིག་ཡིན་པས།གཙོ་བོ་ཁྱོད་རང་ཉིད་ཀྱིས་དེ་ལ་ཇི་ལྟར་གདོང་གཏོད་རྒྱུ་དེ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1