དཀར་མཛེས་ཁུལ་2015ལོའི་བོད་ཤིང་ལུག་ལོ་སར་དགུང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལེ་ཚན་གཏན་འཁེལ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 02-06


          སྤྱི་ཟླ་2པའི་ཚེས་3ཉིན་གྱི་དགོང་མོར་དཀར་མཛེས་ཁུལ་གྱི་2015ལོའི་བོད་ཤིང་ལུག་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལེ་ཚན་གྱི་ཐེངས་མཇུག་མའི་འཁྲབ་སྟོན་སྔོན་སྦྱོང་བྱས་ཤིང་། ལེ་ཚན་ཡོངས་ནི་འགོ་བརྗོད་དང་ལེའུ་དང་པོ། གཉིས་པ། གསུམ་པ། མཇུག་བསྡུ་བ་བཅས་ཀྱིས་གྲུབ་ཅིང་དགོང་ཚོགས་ཧྲིལ་བོར་དུས་ཡུན་སྐར་མ་123ཡོད། ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ལ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་སྐོར་ཞིག་གདན་འདྲེན་ཞུས་ཡོད་ལ། སྙན་མོ་གླུ་ཡི་མཆོད་པ་དང་མིག་དབང་འཕྲོག་པའི་ཞབས་བྲོ་གཙོ་བྱས་པའི་ལེ་ཚན་རེ་རེར་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བས་ཀུན་གྱིས་དགའ་བསུ་ཆེས་ཆེར་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1