གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༠༨ཉིན།

ཞི་ཅིན་ཕིང་གིས“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་པ།


ཟླ་12ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ཐོག་མིའི་རིགས་ཀྱིས་མཐོང་དཀོན་པའི་ཉམས་ཉེན་སྣ་ཚོགས་བརྒྱུད་བཞིན་ཡོད། རྒྱུན་ཆད་མེད་པར་ཐོན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དང་འགྲན་སློང་གི་མདུན་དུ། ང་ཚོས་སྒོ་དབྱེ་བསྟུན་མཁས་དང་གྲོས་མོལ་མཉམ་ལས་མཐའ་འཁྱོངས་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
     —— ང་ཚོས་ཕྱར་བ་གྲུ་འདེགས་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས། ཕྱོགས་མང་རིང་ལུགས་ཀྱི་དོན་སྙིང་གལ་ཆེན་ནི། རྒྱལ་སྤྱིའི་ཐོག་གི་དོན་དག་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་དང་འཛམ་གླིང་གི་མདུན་ལམ་དང་ལས་དབང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱེད་རྒྱུ་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས།
     —— ང་ཚོས་དུས་བསྟུན་མདུན་སྐྱོད་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། འཛམ་གླིང་གི་གནས་བབ་འགྱུར་ལྡོག་ལ་གཞི་ཚུགས་ཏེ་གྲོས་མོལ་རྒྱ་ཁྱབ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ཀྱི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།
     —— ང་ཚོས་བྱ་སྤྱོད་ལ་དམིགས་ནས་གོ་ལ་ཧྲིལ་པོའི་མཉམ་ལས་གྲོས་རིམ་དོན་འཁྱོལ་ཡག་པོ་བྱེད་དགོས། ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ནང་ཕྱོགས་ཁག་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད། འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་པོ་ཉུང་གཏོང་དང་། རིམས་འགོག་དང་རིམས་འགོག་སྨན་ཁབ། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག ལྗང་མདོག་ཕྱོགས་སྒྱུར། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ནི། གནམ་འོག་བློ་ལ་འཆང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་པ་དེ་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་མི་གཏོང་བར། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས། དྲང་གཞག་དྲང་བདེན་མཐའ་འཁྱོངས། མཉམ་ལས་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1