གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༠༩ཉིན།

ཡར་ཀླུང་གཙང་པོའི་ཁུལ་ནས་རྒྱལ་ཁབ་ཀྱི་གཙོ་སྐྱོང་སྲོག་ཆགས་རིགས36མཐོང་།


   ཉེ་ཆར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་སྲུང་སྐྱོང་སི་དང་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་དེ་བཞིན་ཀྲུང་གོ་ལྗང་འགྱུར་ཐེབས་རྩ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་ཤིས་ཙེ་གཙང་པོའི་སྣོད་བཅུད་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་ཡར་ཀླུང་གཙང་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་རྣམ་གྲངས་ཏེ། ལོ་དང་པོ་བརྟག་དཔྱད་བྱས་མཐར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།      

   ཡར་ཀླུང་གཙང་པོའི་གྲོང་རོང་ཆེན་མོའི་རིང་ཚད་ལ་སྟོང་སྨི་504.6ཡོད་པ་དང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་7782ཡོད་པའི་ཧི་མ་ལ་ཡ་ཤར་མའི་ཆེས་མཐོའི་རི་རྩེ་གནམ་ལྕགས་འབར་བ་ནས་སྨི་550ཡོད་པའི་མེ་ཏོག་ཡར་ཀླུང་གཙང་པོའི་ཆུ་རོང་ཡིན་ཞིང་། དེ་ནི་འཛམ་གླིང་ཐོག་རི་ཁུལ་སྣོད་བཅུད་མ་ལག་རིགས་དང་། སྔོ་ཁེབས་རིགས། སྐྱེ་དངོས་ཁྱུུ་ཚོགས་ཆེས་ཕུན་སུམ་ཚོགས་པའི་གྲོང་རོང་ཞིག་རེད། ཁུལ་དེ་ལ་འཛམ་གླིང་ལ་གྲགས་ཆོད་ཅིང་། རྒྱལ་ནང་དུ་ཨང་དང་པོ་ཡིན་པའི་སྣོད་བཅུད་རིན་ཐང་ལྡན་ཡོད་ལ། གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་འབེལ་བའི་ས་ཁུལ་34ཡི་གྲས་ཤིག་ཀྱང་ཡིན་པ་དང་། ཧི་མ་ལ་ཡ་ཤར་མའི་ས་ཁུལ་གྱི་ལྟེ་བའི་ཁུལ་ཞིག་ཀྱང་རེད། 


    2020ལོའི་ཟླ་10པ་ནས་2021ལོའི་ཟླ་11པའི་བར། ས་ཁོངས་དེའི་འདབ་ཆགས་དང་རི་དྭགས་ཀྱི་སྣ་མང་རང་བཞིན་གྱི་གྲངས་གཞིར་བརྟག་དཔྱད་དང་ཁ་གསབ་བྱ་ཆེད། བརྟག་དཔྱད་མི་སྣས་སྲུང་སྐྱོང་ཁུལ་ནང་གི་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། སྨན་གླིང་རྫོང་བཅས་སུ་ས་བབ་མི་འདྲ་བའི་ཁུལ་6བདམས་ནས་དམར་ཕྱིའི་པར་ཆས་80སྒར་ཡོད་པ་རེད། 2021ལོའི་ཟླ་11པར་བརྟག་དཔྱད་མི་སྣས་པར་ཆས་213ཚུར་བསྡུས་ཏེ་ཉིན་25778ཕྱིར་སྒར་པའི་དམར་ཕྱིའི་པར་ཆས་ནང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་80(གཅན་གཟན་རིགས་36དང་། འདབ་ཆགས་རིགས་44)བླངས་ཐུབ་པ་དེའི་ནང་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་གཟིག་སྐྱ་དང་། འཕར་བ། བྱི་ལ་སེར་པོ། རྒྱ་ར། ཏི་ཕུ་མཇུག་དམར། དེ་མ་སྲེག གླ་བ་སོགས་རིགས་14དང་། དེ་བཞིན་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་སྲོག་ཆགས་རིགས་22ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1