འཚོ་བ་བདེ་ཞིང་སྐྱིད།། གྲོང་གསེབ་དར་ཞིང་རྒྱས།།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-09


རྔ་བ་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་ཚུལ་བཀོད་པ།




      དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྗེས། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་ཡོང་བར་དམིགས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔོན་ནས་ཇུས་འགོད་བྱས་པ་དང་། རང་ཁུལ་གྱི་དོན་དངོས་གནས་ཚུལ་དང་འབྲེལ་ཏེ་དབུལ་བྲལ་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ།



ཐོན་ལས་ཡོང་འབབ་མང་དུ་འཕར།། བདེ་སྐྱིད་འཚོ་བར་ཡིད་ཆེས་བརྟན།།

      ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཐོན་ལས་དར་བ་དང་། ཞིང་བས་དོན་དངོས་གཉེར་བ། ཞིང་བར་ཡོང་འབབ་མང་ན་ད་གཟོད་གྲོང་གསེབ་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པ་རེད། བཙན་ལྷ་རྫོང་བོར་རོམ་གྲོང་སྡེའི་ཀུ་ཤུ་དང་། ཁྲོ་ཆུ་རྫོང་དབེ་ཏོ་གྲོང་སྡེའི་སྟར་ཀ་སོགས་ཞིང་ལས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བས། གྲོང་གསེབ་ཀྱི་འཕེལ་རྒྱས་ལའང་གསོན་ཤུགས་ཤིག་བསྩལ་ཡོད།

      ཞིང་ལས་གཙིགས་སུ་བཟུང་སྟེ་ཞིང་ལས་ཀྱིས་ལྗོངས་སྐོར་ལ་སྐུལ་སྤེལ་བཏང་ན་ཐོན་ལས་དེ་བས་དར་རྒྱས་ཡོང་། བོར་རོམ་གྲོང་སྡེ་ནི་སི་ཁྲོན་ནུབ་རྒྱུད་ཀྱི་ལྗོངས་སྐོར་ལམ་ཐིག་དང་བཙན་ལྷ་རྫོང་ལྗོངས་སྐོར་གྱི་ས་གནས་གལ་ཆེན་ཞིག་ཡིན་ལ། བཙན་ལྷའི་ཀུ་ཤུའི་ཐོན་ཁུལ་གཙོ་བོའང་རེད། བོར་རོམ་གྲོང་སྡེས་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་གྱི་མ་དངུལ་ལ་བརྟེན་ནས། རྫོང་གི་རྒྱལ་ཁབ་མ་འཇོག་ཀུང་སི་དང་འབྲེལ་བ་བཙུགས་ཤིང་། ཐུའུ་ཡོན་དང་ཐུའུ་ཅ། ཐུའུ་ལི། སི་ཝེ་ཏེང་བཅས་གཉེར་སྐྱོང་ཚོང་བ་བཞི་ནང་འདྲེན་དང་མཉམ་ལས་སྒོས “ཞིང་ལས་འགྲེམས་ཚོགས+”གྲོང་གསེབ་ཀྱི་སྤྲོ་གསེང་ལྗོངས་སྐོར་ཁུལ་ཞིག་བསྐྲུན་ཡོད།

      བོར་རོམ་གྲོང་སྡེའི་འཕེལ་རྒྱས་ནི་རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་བསྡུས་རིས་ཤིག་རེད། རང་ཁུལ་གྱིས་ས་ཁུལ་དབུལ་བོ་ལ་མུ་མཐུད་དུ་ལག་རྩལ་དང་སྒྲིག་བཀོད། བྲིན་ཚོང་སོགས་ཀྱི་ཞན་ཆ་གསབ་ནས་ཐོན་ལས་རིམ་སྤོར་ལ་སྐུལ་སྤེལ་བཏང་ནས། ཁྱད་ལྡན་ཐོན་ལས་ལ་བརྟེན་ཏེ་མང་ཚོགས་དབུལ་ཕོངས་ལས་ཐར་བ་དང་ཕྱུག་པོར་འགྱུར་བར་བྱས་ནས། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་། ཐོབ་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད།



འཕེལ་རྒྱས་སྣེ་ཁྲིད་དཔེ་སྟོན་ཡིན།། གྲོང་གསེབ་དར་རྒྱས་རེ་བ་ཆེ།།
      དབུལ་བྲལ་གྲུབ་འབྲས་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་བ་ལས་དོན་སྤེལ་སྐབས། ཙི་མུ་ལི་གྲོང་རྡལ་ནི་ཁྲོ་ཆུ་རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་རིས་གལ་ཆེན་ཞིག་ཡིན་པའི་ཆ་ནས། འཚོ་བ་འབྱོར་ཕྱུག་ཡོང་རྒྱུ་སྤྱིའི་བླང་བྱར་བཟུང་སྟེ“སྟར་ཀ་+”ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་སྔོག་འདོན་བྱེད་པའི་“ཨར་མེ་གདངས་མང་དམངས་གཞས”ཀྱི་རིག་གནས་རིན་ཐང་ལྟེ་བར་འཛིན་པ་དང་། ཙི་མུ་ལི་གྲོང་རྡལ་གྱི་གྲོང་སྡེ་གསུམ་འཕེལ་རྒྱས་སུ་གཏོང་བའི་གྲོང་གསེབ་དར་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒྲིག་བཀོད་མཉམ་སྤྱོད་དང་ཐོན་ལས་མཉམ་འདྲེས། འཚོ་སྡོད་དང་འཚམ་པ། གྲོང་སྡེ་གསུམ་མཉམ་བཅོས་བཅས་མངོན་འགྱུར་བྱས་ཏེ། གྲོང་རྡལ་ཡོངས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་སྐྱོད་པར་སྣེ་ཁྲིད་བྱས་ཡོད།

      ཙི་མུ་ལི་གྲོང་རྡལ་གྱི་འཚོལ་ཞིབ་དང་འཕེལ་རྒྱས་ནི་དཔེ་སྟོན་ཞིག་ཡིན་ལ་སྐུལ་ཁྲིད་ཅིག་ཀྱང་ཡིན། ནུས་ལྡན་ངང་སྦྲེལ་ཐུབ་པར་དམིགས་ནས་རང་ཁུལ་གྱིས་འཆར་འགོད་སྣེ་འདྲེན་དུ་བྱེད་པ་དང་། རྣམ་གྲངས་འདེགས་སྐྱོར་དུ་བྱེད་པ། མ་དངུལ་འགན་ལེན་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་དབུལ་བྲལ་གྲུབ་འབྲས་བརྟན་འགྱུར་དང་གྲོང་གསེབ་དར་རྒྱས་བཅས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་ནུས་ཤུགས་ཕུད་པ་དང་། ལོ་ལྔ་ཡི་རིང་ལ་དཔེ་སྟོན་ཡུལ་ཚོ་དང་གྲོང་རྡལ། དཔེ་སྟོན་གྲོང་སྡེ་ཁག་གཅིག་གཏོད་རྒྱུ་རེད།

      ཐོན་ལས་དར་བ་དང་། ཞིང་བ་ཕྱུག་པ། དཔེ་སྟོན་ཡོད་པ། སྐུལ་ཁྲིད་ཡོད་པ་བཅས་ནི་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཡིན། བདེ་སྐྱིད་ནི་རང་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་མིག་སྔའི་འཚོ་བའི་རྣམ་པ་རེད། ཞིང་འབྲོག་ལས་དེ་མདུན་ལམ་ཡོད་པའི་ཐོན་ལས་ཤིག་ཏུ་འགྱུར་རྒྱུ་དང་། གྲོང་གསེབ་ནི་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་འབད་དགོས། རྔ་ཁུལ་གྱིས་དབུལ་བྲལ་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་བའི་ལམ་བུར་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད།



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
全面贯彻新时代党的宗教工作理论

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1