རྒྱ་གར་གྱི་དམག་དཔོན་བཅུ་གྲངས་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-10



 
   རྒྱ་གར་གྱི་སྨྱན་སྦྱོར་གྱིས་ཚེས་8ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་དམག་ཕྱོགས་ཀྱིས་སྨི་17ཅན་གྱི་ཐད་འཕུར་གནམ་གྲུ་ཞིག་ཐའེ་མེར་ན་ཏེ་མངའ་སྡེར་ཟགས་ནས་ཐོར་བ་དང་། གནམ་གྲུའི་ཐོག་གི་མི་13རྐྱེན་ལམ་དུ་ཤོར་ཞིང་། དེའི་ནང་རྒྱ་གར་གྱི་རྒྱལ་སྲུང་ཇུས་དཔོན་པི་ཕིང་ལ་ཝ་ཐེ་ཡོད་པ་རེད། 
   གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་12དང་སྐར་མ་20ཙམ་ལ་ཐད་འཕུར་གནམ་གྲུ་དེ་ཐའེ་མེར་ན་ཏེ་མངའ་སྡེའི་ཀུའུ་ནུར་ས་ཁུལ་དུ་ལྷུངས་པ་དང་། གནམ་གྲུའི་ནང་དུ་ལ་ཝ་ཐེ་བཟའ་ཟླ་གཉིས་ཀ་དང་། དེ་བཞིན་དམག་དཔོན་སོགས་ཁྱོན་མི་14ཡོད་པ་རེད། མིག་སྔར་ལ་ཝ་ཐེ་བཟའ་ཟླ་གཉིས་ཚུད་པའི་མི་13རྐྱེན་ལམ་དུ་ཤོར་བ་དང་། དམག་དཔོན་1ལ་རྨས་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
   རྒྱ་གར་གྱི་ཙུང་ཐུང་ཁོ་ཝུན་ཏེ་དང་ཙུང་ལི་མོ་ཏིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས་དོན་རྐྱེན་ངོས་འཛིན་བྱས་པ་དང་། ལ་ཝ་ཐེ་ཚུད་པའི་རྐྱེན་ལམ་དུ་ཤོར་མཁན་ཚང་མར་མྱ་ངན་ཞུས་པ་རེད། 
   2019ལོའི་ཟླ་8ཚེས་15ཉིན། མོ་ཏིས་རྒྱ་གར་གྱི་རང་བཙན་ཉིན་མོའི་གཏམ་བཤད་ནང་རྒྱལ་སྲུང་པུའུ་ཡི་ཇུས་དཔོན་གི་ལས་གནས་བཀོད་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྲུང་པུའུ་ཡི་ཇུས་དཔོན་ནི་རྒྱལ་སྲུང་པུའུ་ཀྲང་དང་སྐམ་མཚོ་མཁའ་དམག་རིགས་གསུམ་གྱི་འབྲེལ་ཡོད་ལས་དོན་གྱི་དབུ་བཞུགས་དམག་དོན་བློ་འདྲི་བ་རེད།  ལ་ཝ་ཐེ་ནི་2019ལོའི་ཟླ་12ཚེས་30ཉིན་རྒྱལ་སྲུང་ཇུས་དཔོན་དང་པོར་བསྐོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1