ཨ་རིའི་སྲིད་འཛིན་གྱི་ཆེད་སྤྱོད་གནམ་གྲུ་གསར་བསྒྱུར་བྱེད་པར་ཨ་སྒོར་དུང་ཕྱུར་16.5ཡི་འགྲོ་སོང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


སྤྱི་ལོ་1944ལོར་ཨ་རིའི་དྲག་པོའི་དམག་དཔུང་གིས་མཁའ་ལྡིང་རྒྱལ་བོ་ཞེས་པའི་གནམ་གྲུ་C-54ལ་བཅོས་སྒྲིག་བགྱིས་ཏེ་སྲིད་འཛིན་རོ་སེ་ཝེལ་གྱི་ཆེད་སྤྱོད་གནམ་གྲུ་བྱས་ཤིང་།

སྲིད་འཛིན་རོ་སེ་ཝེལ་གནམ་གྲུ་འདིའི་ནང་བཞུགས་ནས་ཡཱ་ཨེར་ཐ་གྲོས་ཚོགས་སུ་ཞུགས་པར་ཕེབས་པ་རེད།

 

སྲིད་འཛིན་ཁྲུ་རུ་མན་གྱི་སྐབས་ཀྱི་ཆེད་སྤྱོད་གནམ་གྲུའི་བཟོ་དབྱིབས་ནི་བྷོ་གྷི་ལ་སི་C-118ཡིན་ལ། ཞབས་ཞུའི་དུས་ཡུན་ནི་སྤྱི་ལོ་1947ལོ་ནས་སྤྱི་ལོ་1953ལོའི་བར་ཡིན།

སྲིད་འཛིན་ཨེ་སུན་ཧོ་ཝིར་གྱི་ཆེད་སྤྱོད་གནམ་གྲུ་ནས་བཟུང་འགོ་བརྩམས་ཏེ། ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ཆེད་སྤྱོད་གནམ་གྲུའི་མིང་ལ་མཁའ་དམག་དང་པོ་ཞེས་བཏགས་པ་ཡིན་ལ།  སྲིད་འཛིན་ཨེ་སུན་ཧོ་ཝིར་ཆེད་སྤྱོད་གནམ་གྲུ་དེའི་ནང་བཞུགས་མཁན་གྱི་སྲིད་འཛིན་ཐོག་མ་དེ་ཆགས།

སྲིད་འཛིན་ཇོན་ཁེན་ནེ་དྷེ་ཡི་སྐབས་སུ་མཁའ་དམག་དང་པོའི་མཚན་སྙན་རིམ་བཞིན་ཁྱབ་སྤེལ་སོང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1