༄༅།། མཚོ་གཏིང་དུ་ཨར་ལས་བཟོ་སྐྲུན་གྱི་རྗེས་ཤུལ་ཡོད་པའི་རྒྱུ་མཚན་ཅི།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-17


        དབྱི་ཐ་ལིའི་ན་པུའུ་ལེ་སིའི་གྲུ་ཁའི་འགྲམ་ངོགས་སུ། རྒྱུན་ལྡན་མིན་པའི་རྡོ་ཀ་མ་རུའི་ཀ་བ་ཆེན་པོ་གསུམ་ཡོད། གལ་ཏེ་ང་ཚོས་ཞིབ་བལྟ་བྱས་ཚེ་རྡོ་ཀ་མ་རུའི་ཀ་བ་རེ་རེའི་སྟེང་དུ། རྒྱ་མཚོའི་སྐྱེ་དངོས་ཀྱི་གནོད་འཚེ་ཕོག་པའི་རྗེས་ཤུལ་མང་པོ་མཐོང་ཐུབ། དེ་དག་མཐོང་ཐུབ་པ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དེ་ནི་སྤྱི་ལོ་དུས་རབས4པའི་སྔོན་དུ་འཛུགས་སྐྲུན་བྱས་པའི་དགོན་པ་ཞིག་གི་ཤུལ་བཞག་ཀ་བ་ཡིན་པས། མི་རྣམས་ཀྱི་སེམས་སུ་གནའ་བོའི་དགོན་པ་མཚོ་གཏིང་དུ་ལས་དགོས་དོན་ལ་དོགས་པ་སྣ་ཚོགས་སྐྱེ་བཞིན་ཡོད།དོན་དངོས་སུ་བཤད་ན། གནའ་བོའི་དགོན་པ་དེ་དང་ཐོག་སྐམ་སའི་ཐོག་འཛུགས་སྐྲུན་བྱས་པ་ཞིག་ཡིན་མོད། ལོ་ངོ་མང་པོའི་རྗེས་སུ་རྡོ་ཀ་མ་རུའི་ཀ་བ་དང་དགོན་པ་མཚོ་གཏིང་དུ་ནུབ་པ་དང་། དེ་ནས་ལོ་མང་པོ་འགོར་རྗེས་ཡང་བསྐྱར་མཚོ་ཁར་བུད་ནས་ད་གཟོད་འདི་ལྟ་བུའི་སྣང་ཚུལ་ཐོན་པ་རེད། དེ་ལྟར་རྒྱུས་ལོན་རགས་ཙམ་བྱུང་ཚེ་དེ་ནི་ཤིན་ཏུ་ཡ་མཚར་དགོས་དོན་མེད། དེ་བཞིན་དུ། ཧོ་ལན་གྱི་རྒྱ་མཚོ་ལོ་རེར་ཧོ་སྨི2ནས3བར་མར་འབབ་ཀྱིན་ཡོད་པ་དང་།ཧོ་ལན་གྱི་སྐམ་ས་མར་འབབ་ཚད་དེ་ལས་ཀྱང་མགྱོགས་པ་རེད། དོན་དམ་དུ་ས་ཤུན་ཡར་འཕགས་པ་དང་མར་འབབ་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་ཧ་ཅང་དལ་བའི་དབང་གིས་མི་རྣམས་ཀྱིས་ཤེས་རྟོགས་བྱེད་ཀྱིན་མེད་པ་རེད།
        ས་ཤུན་ལ་གོང་སྨྲས་ལྟར་དལ་བའམ་ཉག་ཕྲ་བའི་ཡར་འཕགས་མར་འབབ་ཀྱི་སྣང་ཚུལ་ཡོད་པར་མ་ཟད། གཞན་ད་རུང་གློ་བུར་དུ་ཛ་དྲག་རང་བཞིན་གྱི་འགྱུར་ལྡོག་འབྱུང་གིན་ཡོད་པ་རེད། འགྱུར་ལྡོག་དེའི་རིགས་ཀྱིས་སྐམ་སའི་སྟེང་གི་ཨར་ལས་འཛུགས་སྐྲུན་དངོས་པོ་མཚོ་གཏིང་ཏུ་བསྣུབས་འགྲོ་བའི་གནས་ཚུལ་ཡང་མི་ཉུང་བ་ཡོད། དཔེར་ན། 1962ལོར། མེ་གླིང་དཀྱིལ་དབུས་ཀྱི་ས་ཆ་ཞིག་ཏུ་ས་ཤུན་འགུལ་སྐྱོད་ལས་ས་ཡོམ་ཆེན་པོ་ཞིག་བྱུང་བ་རེད། སྐབས་དེར་གླིང་ཕྲན་སྟེང་གི་གྲུ་ཁ་དེའི་བཞི་ཆའི་གསུམ་མཚོ་གཏིང་དུ་བསྣུབས་པ་དང་། དེ་ལྟར་ལོ་ངོ་མང་པོ་འགོར་རྗེས། རླུང་བུ་འཇགས་ཤིང་རྒྱ་མཚོར་གཡོ་སྐྱོམ་མེད་པའི་སྐབས་སུ་གྲུ་གཟིངས་ལ་བསྡད་ནས་རྒྱ་མཚོའི་གཏིང་རིམ་དུ་ཆགས་པའི་གྲོང་ཁྱེར་དེ་དག་ལ་ལྟད་མོར་ལྟ་སྐབས། ང་ཚོའི་མིག་ལམ་དུ་མངོན་པ་ནི་གསལ་ལམ་མེར་ཡོད་པའི་ཁང་པ་དག་གི་རྗེས་ཤུལ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1