དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-22




     འདས་པའི་ལོ་ལྔའི་ནང་རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་རེད། 
     དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཁྱོན་ཡོངས་ནས་ཐོབ་ཡོད། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི22.55ཉུང་དུ་ཕྱིན་པ་དང་གྲོང་སྡེ་དབུལ་པོ1360ཚང་མ་དབུལ་པོ་ལ་ཐར་ཡོད།རྫོང(གྲོང་ཁྱེར)18ཀྱི་དབུལ་པོ་ཞྭ་མོ་འབུད་པ།རྩ་བ་ནས་དབུལ་པོ་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་ཁྱོན་ཡོངས་དབུལ་པོ་བཅས་ཁྱོན་ཡོངས་ནས་མེད་པ་བཟོས་ཐུབ་ཡོད། 2020ལོར་དབུལ་པོའི་ཞྭ་མོ་ཕུད་པའི་རྫོང་ཁག18ཀྱི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་དང་ཕྱོགས་བསྡུས་གདེང་འཇོག་བྱས་པ་དེ་ཞིང་ཆེན་དེ་ཡོངས་ཀྱི“ཡག་པོའི”གྲས་སུ་སླེབས་པ་དང་།རང་ཁུལ་གྱིས་གྲུབ་འབྲས་ལ་དཔྱད་ཞིབ་དང་ཕྱོགས་བསྡུས་གདེང་འཇོག་བྱས་པ་དེའང་བསྟུད་མ་ལོ་གསུམ་ལ“ཡག་ཤོས”ཀྱི་གྲས་སུ་སླེབས་པ་རེད།
     དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན། དབུལ་ཐར་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་།རིམ་རྩིས་བྱས་ན་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར584.52བཏང་ནས“འགག་སྒྲོལ་ཆེ་གྲས་བདུན”ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་གཙོ་གནད་དུ་རོགས་སྐྱོར་བྱས་པ་རེད།ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར248.09སྙོམས་སྒྲིག་བྱས་ནས་ཞིང་ལས་དང་གྲོང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་བཏང་བ་རེད།ཀོང་ཏུང་ཞིང་ཆེན་གྱི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར72དམིགས་སར་འབྱོར་བ་དང་ལས་གཞི2268ལག་ལེན་བསྟར་བར་བརྟེན།ཁུལ་ཡོངས་ཀྱི་གྲོང་ཡུལ་རྣམ་པར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།
     རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་གཙིགས་གནད་བྱས་ཏེ་རིགས་སྣ་ཚོགས་ཀྱི་སྡོད་ཁང་ཉེན་མེད་འགན་སྲུང་བསྐྲུན་པའི་དུད་ཚང་ཁྲི11.3ལེགས་སུ་འགྲུབ་པ་དང་།ཡུལ་ཤོག་ཏུ་ཤར་གཏོང་ཐུབ་པའི་འགྱིག་སྣུམ་ལམ་སྤྱི་ལེ་3694དང་གྲོང་སྡེར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་སྤྱི་ལེ22132བསྐྲུན་པ།གྲོང་སྡེ་དབུལ་པོ་972ཀྱི་ཉེན་མེད་འཐུང་ཆུའི་ཇུས་འགོད་སྲ་བརྟན་དང་ལེགས་སུ་བཏང་བ།གྲོང་སྡེ2427གྱི་གློག་དྲྭ་དང་གྲོང་སྡེ2105ཡི་འཕྲིན་གཏོང་དྲ་བ་བསྒྱུར་བཀོད་དང་ལེགས་བཅོས་བྱས་ཡོད་པ་རེད། 
        སྤྱི་ཚོགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ། ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་དང“9+3”གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་།“སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན”ལ་སྐུལ་འདེད་གཏིང་ཟབ་གཏོང་བ།གྲོང་སྡེ་དབུལ་པོའི་བྱིས་སློབ་ཁང291ལེགས་བཅོས་གསར་སྐྲུན་བྱས་ཤིང་།ཚད་ལྡན་གྱི་ལྟེ་བའི་སློབ་གྲྭ་303བཙུགས་ནས་ཁྱིམ་ཚང་དབུལ་པོའི་སློབ་མ་བརྒྱ་ཆ100ལ་རོགས་སྐྱོར་བཅས་བྱས་ཡོད། 
     གཞི་རྩའི་སྨན་བཅོས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་སྟེ་གྲོང་སྡེ་དབུལ་པོ1360ཚང་མར་ཚད་གཞི་ལྡན་པའི་འཕྲོད་བསྟེན་ཁང་ཡོད་པ་དང་།“རྩ་ཆག་བཅུ་དང་ཁ་གསབ་བཞི”སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།ནད་པ་དབུལ་པོའི་རྫོང་ཁོངས་ནང་སྨན་ཁང་དུ་སྡོད་པའི་མི་སྒེར་གྱི་གཏོང་སྤྲོད་བསྡུར་ཚད་བརྒྱ་ཆ5ནང་ཚུན་དུ་ཚོད་འཛིན་བྱས་ཡོད་པ་རེད།  
     དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་བཏང་། “མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ལོ5ཡི་བར་བརྒལ་དུས་རིམ་ནང་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར།རོགས་སྐྱོར་སྟོབས་ཤུགས་བཅས་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་རེད།《དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་དང་ཡུལ་སྡེ་དར་རྒྱས་ནུས་ལྡན་གྱིས་འབྲེལ་མཐུད་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཡང་བསྐྱར་དབུལ་ཕོངས་འགྱུར་བར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་བྱེད་ཐབས》གཏན་འབེབས་བྱས་ནས 1+1+N”ཡི་འབྲེལ་མཐུད་སྲིད་ཇུས་བཏོན་པ་དང་།ལྟ་ཞིབ་ཚད་ལེན་བྱེད་སའི་ཁྱབ་ཁོངས་དུད་ཚང་ནས་གྲོང་སྡེ་རིམ་པའི་བར་རྒྱ་ས་སྐྱེད་བཏང་བ།ལྟ་ཞིབ་ཚད་ལེན་བྱ་ཡུལ་དེ་དབུལ་ཐར་དུད་ཚང་ནས་ཞིང་སྡེའི་མི་འབོར་ཡོངས་ལ་ཁྱབ་ཅིང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་བར་བསྒྱུར་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དུ་བསྒྱུར་མཐར། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་དུད་ཚང444ཡི་མི1978གསར་སྣོན་བྱུང་བ་རེད། རོགས་སྐྱོབ་ཐེབས་རྩ་བཙུགས་ནས་རྫོང(གྲོང་ཁྱེར)18ཀྱིས་རྫོང་རིམ་པའི་སྒོར་ཁྲི100ལས་མི་ཉུང་བའི་ཚད་གཞི་ལྟར་སྒོར་ཁྲི2600གནས་སྐབས་རོགས་སྐྱོབ་ཐེབས་རྩ་གྲབས་གསོག་བྱས་ནས་མཐའ་སྐྱོང་གི་ནུས་པ་ཆེ་རུ་བཏང་ཡོད།
     དབུལ་འགོག་འགན་བཅོལ་ཁྱབ་གདལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་དོན་དངོས་དང་འཚམ་པའི་དབུལ་འགོག་འགན་བཅོལ་བཟོས་ནས་རང་མོས་ངང་དུད་ཚང49588ལ་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་102.88བཏང་བ་རེད། ཀྲུང་དབྱང་དང་ཞིང་ཆེན།ཁུལ།རྫོང་བཅས་རིམ་བཞིའི་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར26.38དོན་འཁྱོལ་བྱས་པ་དང་།ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར22.21སྙོམས་སྒྲིག་བྱས་ཏེ་ཐོན་ལས་དང་ལས་ཞུགས།སྤྱི་པའི་ཞབས་ཞུ་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་སའི་ནང་སྤྱད་ཡོད། གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག1522མུ་མཐུད་ནས་བདམས་མངགས་བྱས་ཏེ་ནས་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི4759གཞི་རིམ་གྱི་ལས་གྲྭ་དང་པོར་གཞི་ཚུགས་ཏེ་གྲུབ་འབྲས་སྲ་བརྟན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ནས་སྐུལ་འདེད་བཏང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1