ཟུང་ཆུ་རྫོང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 12-22



        ཉེ་ཆར། ཟུང་ཆུ་རྫོང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱེད་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ཤིང་། ཏང་གི་ལོ་རྒྱུས་ཀྱི་ཁྲོད་ནས་ལོ་བརྒྱའི་འབད་འབུངས་ཡར་བརྩོན་གྱི་བརྗིད་ཆེའི་སྟོབས་ཤུགས་བསྡུ་ལེན་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་ཁྱིམ་གཞིས་བསྐྲུན།
      དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་། ཟུང་ཆུ་རྫོང་གིས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་ར་བ་དང་། ཧྲ་ཝོ་གྲོས་ཚོགས་ཀྱི་རྗེས་ཤུལ། དམུ་དགེ་གྲོས་ཚོགས་ཀྱི་རྗེས་ཤུལ་སོགས་གསར་བརྗེའི་གནས་རྙིང་གིི་རྟེན་གཞི་རུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ཤིང་། ཏང་ཡོན་ལས་བྱེད་པ་རེ་རེས་ལོ་རྒྱུས་ཀྱི་རྗེས་ཤུལ་དང་དངོས་རྫས། ཡིག་ཆ་བཅས་ལ་བརྟེན་ནས་གསར་བརྗེ་རྒན་རབས་པ་ཚོས་དཀའ་ཚེགས་ཆེན་པོའི་ཁྲོད་དུ་ཐེངས་བརྒྱ་ཕམ་ཡང་དཔའ་མི་ཞུམ་པའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་ཆབས་ཅིག སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་གྲོང་ཚོ་དང་མཛེས་ལྗོངས་ཁུལ། དགོན་སྡེ་སོགས་སུ་བསྐྱོད་དེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་བདེ་ལ་དོན་འདུས་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་དང་། ཏང་ཡོན་ལས་བྱེད་པར་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་ནས་ཉམས་མྱོང་བསྡུ་ལེན་དང་སྙིང་སྟོབས་ཀྱི་བརྗིད་ཆེའི་ནུས་པ་རྟོགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་གཏིང་ཟབ་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་ལ་སྐུལ་མ་བཏང་།
      དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས་ལས་སྒྲུབ་ཀྱི་སྟོབས་ཤུགས་གོང་བུར་འགྲིལ། ཟུང་ཆུ་རྫོང་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་འགལ་བ་བསལ་ནས་མདུན་དུ་བསྐྱོད་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། དངོས་འཛིན་དངོས་སྒྲུབ་ཀྱི་དྲང་ཕྱོགས་སྤྱོད་ཚུལ་ལ་སྐུལ་སྤེལ་བཏང་སྟེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ། རྫོང་རིམ་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་ཐག་གཅོད་ཀྱི་ནུས་པ་ཇེ་ཆེར་བཏང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་བསམ་འཆར་མང་བའི་དམངས་འཚོའི་གནད་དོན་དབྱེ་ཞིབ་ནན་མོ་བྱས་ཤིང་། གསལ་ཐོའི་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་སྦྲེལ་བའི་རྣམ་པ་སྤྱད་དེ་འགལ་ཟླ་དང་རྩོད་གཞི་300ལྷག་འདུམ་འགྲིག་བྱས་པ་དང་། མང་ཚོགས་ཀྱི་གནད་དོན་60ལྷག་ཐག་བཅད།
      དགོངས་དོན་གྱི་བསམ་བློ་བྱང་བར་བྱས་ཏེ་ཡང་དག་པའི་ལམ་ཕྱོགས་སུ་བསྐྱོད། ཟུང་ཆུ་རྫོང་གི་ལྔ་འཆར་བཅུ་བཞི་བའི་འཆར་འགོད་ལ་དམིགས་ནས་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁོང་དུ་ཆུད་པ་བྱས་ནས། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་ཟོག་འགྲེམས་ལྟེ་གནས་དང་རིག་གནས་ལྗོངས་སྐོར་འདུ་འགྲེམས་ལྟེ་གནས་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་རིག་གནས། ལྗོངས་སྐོར། ཐོན་ལས་བཅས་སྦྲེལ་བའི་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་ཁོངས་ཡོངས་སྐྱེ་ཁམས་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་བསྐྲུན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1