ཨུ་རུ་སུས་འཇར་མན་གྱི་ཕྱི་འབྲེལ་དཔོན་གཉིས་ཕྱིར་འབུད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-22



 
   ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་20ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་དོན། ཨུ་རུ་སུའི་ཕྱི་འབྲེལ་པུས་ཉིན་དེར་ཨུ་རུ་སུར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་བ་དང་མཇལ་འཕྲད་བྱས་ནས། ཉེ་ཆར་འཇར་མན་སྲིད་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་གཉིས་ཕྱིར་འབུད་བྱས་པའི་བྱེད་སྟངས་ལ་རྒོལ་གཏམ་ནན་པོ་བཏང་བ་དང་འབྲེལ་འཇར་མན་གྱི་ཕྱི་འབྲེལ་དཔོན་གཉིས་ཕྱིར་འབུད་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།
   ད་ལོའི་ཟླ་12ཚེས་15ཉིན། འཇར་མན་གྱི་པེར་ལིན་ཆེས་མཐོའི་ཁྲིམས་ཁང་གིས་ཨུ་རུ་སུའི་སྤྱི་དམངས་སོ་ཁོ་ལུའོ་ཧྥུ་ལ་མི་བསད་པའི་ནག་ཉེས་ཀྱི་ཉེས་སྤྱོད་རྣམ་གྲངས་ཡོད་པས་ཚེ་གང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། འཇར་མན་ཁྲིམས་ཁང་གིས་ཨུ་རུ་སུའི་སྤྱི་དམངས་སོ་ཁོ་ལུའོ་ཧྥུ་ཡིས་2019ལོའི་ཟླ་8ཚེས་23ཉིན་པེར་ལིན་གྱི་སྤྱི་གླིང་ཞིག་ཏུ་འཇོར་ཇི་ཡའི་སྤྱི་དམངས་ཤིག་མེ་མདས་བསད་པའི་ངོས་འཛིན་བྱས་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་བལྟས་ན། སོ་ཁོ་ལུའོ་ཧྥུ་ལ་ཉེས་འཛུགས་བྱས་པ་དེ་དྲང་གཞག་དང་དོན་དངོས་ཤིག་མིན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1