གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༨ཉིན།

མཚོ་སྔོན་དུ་ལིའི་དང་ཕིའི་ཡི་གཏེར་ཁ་ཆེན་པོ་ཞིག་རྙེད་པ།

        གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་གོང་ཀྲོའུ་ས་གོ་ལའི་རྫས་འགྱུར་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་ཞིབ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ནང་ས་གཤིས་ཚན་ཞིབ་མི་སྣས་མཚོ་སྔོན་ཞིང་ཆེན་བཱ་ཡན་ཧ་རིའི་ས་ཁུལ་དུ་ལྕགས་རིགས་དཀོན་པོའི་རིགས་ལིའི་དང་།  ཕིའི། ཝུའུ་སོགས་འདུས་པའི་གཏེར་ཁ་གལ་ཆེན་ཞིག་རྙེད་ཡོད་པ་དང་། དེ་ནི་མཚོ་སྔོན་གྱི་བཱ་ཡན་ཧ་རིའི་ས་ཁུལ་དུ་གཏེར་ཁ་དེ་རིགས་རྙེད་ཐེངས་དང་པོ་ཡིན། 

རྒྱུ་ཆའི་པར་རིས།
        ཐེངས་འདིར་ཤེས་རྟོགས་བྱུང་བའི་ལིའི་དང་། ཕིའི། ཝུའུ་སོགས་གཏེར་ཁ་ནི་འབར་ཁམས་དང་།  ཉག་ཆུ་ཁ།  ཁ་ལ་ཁུ་ནུ་བཅས་རྒྱུད་ཀྱི་ལིའི་དང་ཕིའི་གྱི་གཏེར་ཁ་ཆེན་པོའི་ཁུལ་གྱི་དབུས་རྒྱུད་དུ་གནས་ཡོད་པ་དང་། ལིའི་དང་ཕིའི་ཡི་གཏེར་ཁུལ་གྱི་གྲུབ་ཚུལ་ཐད་མཚོ་བོད་ས་མཐོའི་བྱང་རྒྱུད་ཀྱི་ཟུང་ཆུ་དང་།  དཀར་མཛེས།  ཨ་ཆེན་གངས་རྒྱབ།  ཁ་ལ་ཁུ་ནུ་ས་ཁུལ་དུ་གཏོགས་པ་དང་། དེ་ནི་ལིའི་དང་ཕིའི་སོགས་གཞི་རྒྱུ་དཀོན་པོའི་རིགས་གཅིག་ཏུ་འདུས་པའི་ཁུལ་ཞིག་ཡིན།  དེའི་གོང་་དུ་ནུབ་རྒྱུད་ཀྱི་ཤིན་ཅང་གི་ཁ་ལ་ཁུ་ནུ་དང་ཤར་རྒྱུད་ཀྱི་ཁྲོན་ནུབ་ས་ཁུལ་དུ་གཞི་ཁྱོན་ཧ་ཅང་ཆེ་བའི་ཝུའེ་ཅིང་བྲག་རྡོའི་ལིའི་དང་ཕིའི་ཡི་གཏེར་ཁ་རྙེད་ཡོད་ཀྱང་། ཤར་ནུབ་ཀྱི་གཏེར་ཁ་གལ་ཆེན་གཉིས་འབྲེལ་མཐུད་ཁུལ་གྱི་མཚོ་སྔོན་དུ་གཏེར་ཁ་དེ་འདྲ་རྙེད་མྱོང་མེད། 

རྒྱུ་ཆའི་པར་རིས།
     ཐེངས་འདིར་རྙེད་པའི་གཏེར་ཁ་ཡིས་མཚོ་བོད་ས་མཐོའི་བྱང་རྒྱུད་དུ་ལིའི་དང་ཕིའི་ཡི་གཏེར་ཁ་བཙལ་བའི་ས་ཁྱོན་ཆེ་རུ་བཏང་ཞིང་། དེ་ནི་ཀྲུང་གོའི་ལྕགས་རིགས་དཀོན་པོའི་རིགས་ཀྱི་གཏེར་ཁའི་ཐོན་ཁུངས་རྟེན་གཞི་གལ་ཆེན་གྱི་གྲས་ཤིག་ཏུ་འགྱུར་རེ་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1