ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གིས་2015ལོའི་བོད་ཤིང་ལུག་ལོའི་ལོ་སར་མཉམ་སྤྲོའི་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 02-11


            སྤྱི་ཟླ་2པའི་ཚེས་8ཉིན། ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཡུལ་ཤུལ་ཁུལ་རིག་གནས་ཅུས། ཡུལ་ཤུལ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་།  ཡུལ་ཤུལ་ཁུལ་བརྙན་འཕྲིན་ཁང་དང་སི་ཁྲོན་ཤམ་བྷ་ལ་རིག་གནས་སྨྱན་སྦྱོར་སྤྱི་གཉེར་ཁང་གིས་སྒྲུབ་འགན་འཁུར་བའི་2015ལོའི་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གི་བོད་ཤིང་ལུག་ལོའི་ལོ་སར་མཉམ་སྤྲོ་དགོང་ཚོགས་ཏེ། གཡང་ལུག་ལོ་སར་ཞེས་པ་དེ་ཁྲེན་ཏུའུ་རུ་ཕབ་བསྐྲུན་བྱས།

 

            གཡང་ཡུག་ལོ་སར་གྱི་ལོ་སར་མཉམ་སྤྲོའི་དགོང་ཚོགས་ནི་སྤྲོ་སྐྱིད་དང་། འཆམ་མཐུན། མཛེས་སྡུག་གི་མ་འོངས་པ་མཉམ་དུ་འཛུགས་སྐྱོང་བྱེད་ཅེས་པ་བརྗོད་བྱ་གཙོ་བོར་བཟུང་ནས། བསྡོམས་པས་ལེའུ་ལྔ་དང་འཁྲབ་ཚན་སོ་ལྔ་ཡོད། ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་། གཞས་མ་གཏམ། རྒྱན་གོས་སོགས་རིག་རྩལ་འཁྲབ་ཚན་མང་པོ་ཕྱོགས་བསྡུས་བྱས་པའི་དུས་མཚུངས་སུ། སི་ཁྲོན་དཀར་མཛེས་དང་། རྔ་བ། དེ་མིན་བོད་ཁུལ་གཞན་གྱི་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་གླུ་གར་མང་པོ་མཉམ་བསྡུས་བྱས་ནས། བརྗོད་དོན་རང་བཞིན་གྱི་གླུ་གར་ཟློས་གར་དང་། གདོད་མའི་ཞབས་བྲོ་བཅས་མཚོན་བྱེད་གཙོ་བོར་བཟུང་ཏེ། མཉམ་དུ་བདེ་སྐྱིད་ཀྱི་ལོ་སར་ལ་རོལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1