མཉམ་ལས་ཁང་གིས་འབབ་འཕར་ཐབས་ལམ་གསར་པ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-30




འདི་ནི་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གི་དམངས་ཕན་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་མཉམ་ལས་ཁང་གི་ལས་མིས་ལག་ཤེས་ཐོན་རྫས་བཟོ་བཞིན་པ།
        ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཤང་དང་གྲོང་རྡལ་གྱི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། ཤང་དང་གྲོང་རྡལ་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་རིགས་ཁག་གི་མཉམ་ལས་ཁང་ཧུར་ཐག་གཏོད་པ་དང་། ས་ཞིང་བརྒྱུད་བཤུག་དང་། སྒོ་ཕྱུགས་གསོ་ཉར། མ་དངུལ་ལམ་ཡང་ན་ངལ་ནུས་མ་རྐང་ནང་ཞུགས་པ་སོགས་བྱེད་སྟངས་བརྒྱུད། རྒྱ་ཆེའི་མང་ཚོགས་ཐོན་ལས་ནང་ཞུགས་པ་དང་དེའི་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་ལྕག་བྱས་ཏེ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1