གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༠༤ཉིན།

༄༅།། མགོ་བོ་ན་ཞིང་སྐྱུག་མེར་ལངས་པའི་སྐབས་སུ་མིག་ནད་ནང་གྲིབ་ཡིན་མིན་ལ་མཉམ་འཇོག་དགོས།

        ཉིན་ཞིག་གི་དགོང་མོར། གློ་བུར་དུ་ཨ་ཡེ་ཀླུ་མོའི་མིག་གཡས་པ་ན་ཞིང་རབ་རིབ་ཏུ་གྱུར་པར་མ་ཟད།ད་རུང་མགོ་བོ་ན་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་ནད་རྟགས་མང་པོ་བྱུང་།ཁྱིམ་མི་རྣམས་ཀྱིས་ཁོ་མོ་སྨན་ཁང་དུ་བསྐྱལ་ཏེ་བརྟག་བཤེར་བྱས་པ་ན།ཨ་ཡེ་ཀླུ་མོར་མིག་ནད་ནང་གྲིབ་ཀྱི་ནད་བྱུང་ཡོད་པ་ཤེས་ཤིང་། སྨན་པས་མྱུར་དུ་སྨན་བཅོས་བྱས་པ་བརྒྱུད་ཨ་ཡེ་ཀླུ་མོའི་ནད་གཞི་རིམ་གྱིས་ཇེ་ཡང་དུ་སོང་།
        མིག་ནད་ནང་གྲིབ་ལ་ཟུར་ཕྱེ་མིག་ནད་ནང་གྲིབ་དང་ཟུར་ཟུམ་མིག་ནད་ནང་གྲིབ་གཉིས་ཡོད་ལ།ཟུར་ཟུམ་མིག་ནད་ནང་གྲིབ་ལའང་མྱུར་གཤིས་ཟུར་ཟུམ་མིག་ནད་ནང་གྲིབ་དང་དལ་གཤིས་ཟུར་ཟུམ་མིག་ནད་ནང་གྲིབ་གཉིས་ཡོད།
        དལ་གཤིས་ཟུར་ཟུམ་མིག་ནད་ནང་གྲིབ་ལ་སྔ་དུས་སུ་མིག་སྐམ་པ་དང་ཡང་ན་མིག་ངལ་བ་སོགས་ཀྱི་སྣང་ཚུལ་ལས་ནད་རྟགས་གསལ་པོ་ཞིག་མེད་པས།ནད་པ་མང་པོ་ཞིག་གིས་སྣང་མེད་དུ་འཇོག་ཅིང་།དུས་མཇུག་ཏུ་སླེབས་ཏེ་མིག་ཤུགས་ཉམས་ནས་ལྟེ་བ་ལས་མི་མཐོང་བའི་སྐབས་སུ་ད་གཟོད་དོ་སྣང་བྱེད་ཀྱིན་ཡོད།
        མྱུར་གཤིས་ཟུར་ཟུམ་མིག་ནད་ནང་གྲིབ་བྱུང་བའི་སྐབས་སུ། ནད་པར་རྒྱུན་དུ་མགོ་བོ་ན་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་བས། ནད་པས་རྒྱུན་དུ་འཇུ་ལམ་མ་ལག་དང་དབང་རྩའི་མ་ལག་གི་ནད་ཡིན་པར་འདོད་པ་རེད།འདི་རུ་དྲན་སྐུལ་ཞིག་བྱེད་དགོས་པ་ནི། གློ་བུར་དུ་མིག་ན་བ་དང་སྐྱུག་མེར་ལངས་པར་མ་ཟད་མིག་ཤུགས་ཚབས་ཆེ་བའི་སྒོ་ནས་ཇེ་ཞན་དུ་འགྲོ་བའི་སྐབས་སུ། མྱུར་བ་མྱུར་དུ་མིག་ནད་ཚན་ཁག་ཏུ་སོང་ནས་གསོ་བཅོས་བྱེད་དགོས། གལ་ཏེ་སྨན་འཐུང་ནའང་མིག་གནོན་ལ་སྔར་བཞིན་ཚོད་འཛིན་ནུས་ལྡན་བྱེད་མི་ཐུབ་ན།མྱུར་དུ་གཤགས་བཅོས་བྱེད་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1