གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༡༠ཉིན།

མ་སྐྱེས་ཨ་མ་རོལ་ཚོགས་ཀྱི་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་གཉིས་ཀྱི་ཆེད་སྒྲིག་ཐོག་མ་《སྙིང་གཏམ།》འགྲེམ་སྤེལ་བྱས།

        སྤྱི་ཟླ་2པའི་ཚེས་8ཉིན། མ་སྐྱེས་ཨ་མ་རོལ་ཚོགས་ཀྱི་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་གཉིས་ཀྱི་བོད་སྐད་མཛའ་གཞས་ཆེད་སྒྲིག་《སྙིང་གཏམ།》གྱི་འགྲེམ་སྤེལ་ཚོགས་འདུ་དེ་པེ་ཅིང་གི་མ་སྐྱེས་ཨ་མ་རུ་བསྡུས་ཤིང་། བོད་གླུ་འགྲན་བསྡུར་གྱི་ཨང་དང་པོའི་ཅོད་པན་བཞེས་མཁན་གཡང་དཀར་སྒྲོལ་མ་དང་པ་སངས་གཉིས་ཀྱིས་འགྲེམ་སྤེལ་ཡུལ་དངོས་སུ་ཡང་བརྩེ་བ་དབྱངས་སུ་གྱེར།


           ཆེད་སྒྲིག་འདི་རུ་ཕུན་སུམ་ཚོགས་པའི་བོད་ཀྱི་ས་ཁམས་དང་རིག་གནས། ཐུན་མོང་མ་ཡིན་པའི་རང་བྱུང་གི་བརྡ་རྟགས་སྤྱད་དེ། བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དཀྱུས་མའི་རབ་རྟོག་དང་བསྲེས་ལྷད་མ་ཞུགས་པའི་གདོད་མའི་རྣམ་པས་བོད་མི་དམངས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་འཐིམས་ཡོད་པའི་རིག་གནས་སྒྱུ་རྩལ་མཚོན་ཡོད།  དེ་རུ་བདེ་ཆེན་གྱི་གཞས་དང་། ནང་བསྟན་གྱི་རོལ་མོ། སྒྲ་སྙན་སོགས་རྒྱལ་ཁབ་རིམ་པ་དང་། ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དང་། ད་དུང་བལ་བོ་དང་འབྲུག་ཡུལ་གྱི་དམངས་གཞས་ཟུང་འབྲེལ་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་སྒྲིག་སྦྱོར་བྱས་པ་དང་། བོད་ཀྱི་ན་གཞོན་རྣམས་ཀྱིས་མཛའ་གཞས་ལེན་རེས་བཅས་སོགས་ཚུད་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1