༄༅།། དོན་འགྲུབ་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས་བདམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-05



        དོན་འགྲུབ་ཚེ་རིང་། སྤྱི་ལོ་1965ལོར་ཁམས་སྡེ་དགེ་དབོན་སྟོད་བོད་སྨན་གྱི་རྒྱུད་པ་ཐང་ཚ་ཚང་དུ་སྐྱེས། 1979ལོར་དར་མདོར་ཡོང་ནས་བོད་སྐད་གློག་བརྙན་གྱི་ཡིག་བསྒྱུར་དང་སྐད་སྦྱོར་གྱི་ལས་ཀར་ཞུགས། རྗེས་སུ་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་སུ་ལས་ཀ་བསྒྲུབས། 1988ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རྒྱ་བོད་སྐད་ཡིག་སྡེ་ཚན་ནས་སློབ་མཐར་ཕྱིན། 1992ལོར་དཀར་མཛེས་ཁུལ་བརྙན་འཕྲིན་ལས་ཁུངས་སུ་རྒྱ་བོད་སྐད་གཉིས་ཀྱི་རྒྱང་བསྒྲགས་དང་མདོ་འཛིན་བརྙན་འཕྲིན་པར་ལེན་ལེ་ཚན་ཡིག་སྒྱུར་སོགས་ཀྱི་ལས་ཀ་བསྒྲུབས། ལས་དོན་ནང་ཞུགས་ནས་སྔོན་རྗེས་སུ་སྒྲུང་ཞུ་གློག་བརྙན་ལྔ་བཅུ་ལྷག་གི་ཡིག་སྒྱུར་དང་ཞུ་དག །གློག་བརྙན་བརྒྱ་དང་སུམ་ཅུ་ལྷག་ལ་སྒྲ་སྦྱོར་དང་བརྙན་འཕྲིན་ལེ་ཚན་ལྔ་བཅུ་ལྷག་གི་པར་ལེན་དང་འགྲེལ་བཤད། མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་ཡིག་སྒྱུར་དང་སྒྲ་སྦྱོར་སོགས་ཀྱི་བརྩམས་ཆོས་1800ལྷག་ཙམ་ཡོད། 1989ལོར་ལྷ་ས་རུ་རྒྱལ་ཡོངས་བོད་ཁུལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཐེངས་དང་པོའི་ཐོག་ཕུལ་བྱུང་བྱ་དགའ་དང་1994ལོའི་ལོ་སར་སྐབས་དར་མདོ་རུ་མི་སྒེར་གྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་བཤམས་སྟོན་བྱས། དེ་ལས་གཞན་ད་དུང་བྱིས་པར་མཁོ་བའི་བོད་ཡིག་བྲིས་དཔེའི་དེབ་ཅིག་ཀྱང་པར་བསྐྲུན་བྱས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1