གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༠༥ཉིན།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཚད་མཐོའི་རེ་བ་ངེས་པར་དུ་བསྐྱུར་དགོས་པ་ཧ་གོ་ཡོད་པའི་ཚུལ་བསྟན།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཧྥ་རན་སི། དབྱིན་ཇི། འཇར་མན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ཁྲོད་ངེས་པར་དུ་སྔར་ལས་དངོས་ཡོད་དང་འཚམ་པའི་རྣམ་འགྱུར་བཟུང་སྟེ་ཚད་མཐོའི་རེ་བ་བསྐྱུར་དགོས་པའི་ངེས་ཤེས་སྐྱེས་ཡོད་ཟེར། 
        དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་ཕྱོགས་ཁག་སོ་སོས་ཐུན་མོང་གི་ཇུས་གཞི་འདོན་ཐུབ་ངེས་རེད། རྒྱུ་མཚན་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་གྲོས་མོལ་ཁྲོད་སྔར་ལས་དངོས་ཡོད་དང་འཚམ་པའི་རྣམ་འགྱུར་བཟུང་ཡོད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཁྱབ་ཁོངས་ལས་བརྒལ་བའི་རེ་བ་འདོན་མི་རུང་བའི་ངེས་ཤེས་བྱུང་ཡོད་ཟེར། 
        ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། ཕྱོགས་སོ་སོས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་དེ་ཡང་དག་ཡིན་ལ། ཕྱོགས་གཉིས་ཀྱི་གྲོས་མོལ་དང་ཕྱོགས་མང་བོའི་གྲོས་མོལ་གང་ཡིན་ཡང་གཅིག་འདྲ་ཡིན། དབྱི་ལིང་དང་ཨ་མེ་རི་ཁས་བརྒྱུད་པའི་ཐབས་དང་ཡིག་ངོས་ནས་བསམ་འཆར་བརྗེ་རེས་བྱས་ཏེ་གོ་ལོག་འབྱུང་བར་སྔོན་འགོག་བྱེད་དགོས་ཡོད་ཟེར།   །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1