དངོས་བཤུས་གློག་བརྙན་《ལྷ་སའི་གཞོན་ནུ།》ཞེས་པ་བརྙན་ཕབ་བྱས་ཚར་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-12


           ཉེ་ཆར། མེ་ཆ་གློག་བརྙན་དང་ཐོན་མི་ལོ་ཙཱ་ལས་ཤག་གིས་ཕབ་བསྐྲུན་བྱས་པའི་དངོས་བཤུས་གློག་བརྙན་《ལྷ་སའི་གཞོན་ནུ།》ཡི་བརྙན་ཕབ་གོ་རིམ་ད་ལྟ་ཡོངས་སུ་མཇུག་རྫོགས་ཏེ། སྒྲིག་སྦྱོར་གྱི་ལས་ལ་བྲེལ་བཞིན་པའི་སྒང་ཡིན། མི་འགྱངས་པར་དྲ་ལམ་བརྒྱུད་དེ་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་རྩིས་ཡོད་པས། རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། དངོས་བཤུས་གློག་བརྙན་འདིར་བོད་ཁུལ་གྱི་ས་གནས་སོ་སོ་ནས་ལྷ་སར་ཕེབས་པའི་ན་གཞོན་འགའ་ཞིག་གི་ཉིན་གཅིག་གི་འཚོ་བ་དངོས་ཁུངས་སྣེར་བྱས་ཏེ། ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བ་ལས་སྟོད་ཉི་མ་ལྷ་ས་ཞེས་པའི་གྲོང་ཁྱེར་དེ་ནས་འབད་འབུངས་ཀྱི་གོ་རིམ་དང་། གྲོང་ཁྱེར་གྱིས་ཁོ་ཚོར་གནང་བའི་སེམས་ཚོར། དེ་མིན་འཚོ་བ་དང་མི་ཚེའི་ལྟ་སྟངས་སོགས་མངོན་ཅི་ཐུབ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1