ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ་«ཨ་ཕའི་རྩྭ་ཐང་།»ཞེས་པ་ཐོག་མར་སྟོན་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-12


            སྤྱི་ཟླ་2པའི་ཚེས་9ཉིན། ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ་«ཨ་ཕའི་རྩྭ་ཐང་།»ཞེས་པ་དེ་རྒྱལ་ནང་གི་ཆེས་ཆེ་བའི་བརྙན་རིས་དྲ་ཚིགས་ཨེ་ཆི་དབྱི་དྲ་ཚིགས་ཐོག་གཏོང་མགོ་བརྩམས། ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ་«ཨ་ཕའི་རྩྭ་ཐང་།»ཞེས་པ་ཐོག་མར་སྟོན་པ་དང་དྲ་ཐོག་ནས་སྟོན་པའི་མཛད་སྒོ་ཟླ་གཉིས་པའི་ཚེས་དགུ་ཉིན་ཟི་ལིང་དུ་བསྡུས། མཛད་སྒོའི་ཐོག སྔ་གཞུག་ཏུ་གློག་བརྙན་«ཨ་ཕའི་རྩྭ་ཐང་།»ཞེས་པའི་ཐད་ཀྱི་བཅར་འདྲི་གནས་ཚུལ་དང་སྔོན་བརྡའི་གློག་བརྙན། གློག་བརྙན་ཧྲིལ་བོ་བཅས་འགྲེམ་སྟོན་བྱས་ཤིང་། གློག་བརྙན་སྐོར་གྱི་བཅར་འདྲིའི་ཁྲོད་དུ། མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གསུམ་པོས་ཟུར་སྣེ་མི་འདྲ་བ་ནས་བོད་ལུགས་གསོ་རིག་རིག་གནས་དང་བོད་ལུགས་གསོ་རིག་གི་གཞུང་ལུགས། བོད་སྨན་ཁང་གི་འཕེལ་རྒྱས་གནས་ཚུལ་བཅས་ཞིབ་གླེང་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1