བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་འདྲེན་གཏོང་བྱས་གྲངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06



   ཟླ་12ཚེས་30ཉིན།བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་TV9850བདེ་འཇགས་ངང་ལྷ་ས་གོང་དཀར་གནམ་ཐང་དུ་བབས་པ་དང་བསྟུན་ནས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལོ་རེར་འགྲུལ་པ་འདྲེན་གཏོང་བྱས་གྲངས་མི་ཐེངས་ཁྲི་600ལས་བརྒལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་1965ལོའི་ཟླ་3པར་ཤར་གཏོང་ཐུབ་པ་ནས་བཟུང་ལོ་56བསྟུད་མར་བདེ་འཇགས་འཕུར་སྐྱོད་འགན་ལེན་ཐུབ་ཡོད། མིག་སྔར་མཁའ་ལམ་བཏོད་གྲངས་བསྡོམས་འབོར་150ཟིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་68ལ་ཤར་གཏོང་ཐུབ་པ། མཁའ་ལམ་དྲ་རྒྱའི་བཀོད་སྒྲིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། གནམ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་གསར་བརྗེས་བྱུང་བ། བོད་ལྗོངས་ནས་འགྲོ་འོང་བྱེད་མཁན་ས་གནས་ཁག་གི་མི་དམངས་ཀྱིས“མཁའ་དབྱིངས་བར་ཁྱམས”བརྒྱུད་ནས། སྔར་བས་འབྲེལ་བ་དམ་ཟབ་ཕྱིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1