2022ལོའི་རྣམ་གྲངས་གལ་ཆེན་མཉམ་དུ་ལས་མགོ་འཛིན་པའི་མཛད་སྒོ་སྤེལ།

ཆོས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-06







སི་ཁྲོན་ཞིང་ཆེན་གྱི་2022ལོའི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་མཉམ་དུ་ལས་མགོ་འཛིན་པའི་རྔ་ཁུལ་ཡན་ལག་ཚོགས་རའི་ལས་མགོ་འཛིན་པའི་མཛད་སྒོ་སྤེལ།
ལིའུ་ཕིང་གིས་ལས་མགོ་བརྩམས་པ་བསྒྲགས་ཤིང་། ཚའེ་ཆིང་ལི་ཚོགས་འདུར་ཕེབས།


      ཟླ་1ཚེས་4ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་2022ལོའི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་མཉམ་དུ་ལས་མགོ་འཛིན་པའི་རྔ་ཁུལ་ཡན་ལག་ཚོགས་རའི་ལས་མགོ་འཛིན་པའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་མཛད་སྒོར་ཕེབས་པ་མ་ཟད་ལས་མགོ་བརྩམས་པ་བསྒྲགས།
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཚའེ་ཆིང་ལི་ལས་མགོ་འཛིན་པའི་མཛད་སྒོར་ཕེབས་ཤིང་། ཁུལ་དཔོན་གཞོན་པ་འཇམ་དཔལ་གྱིས་ལས་མགོ་འཛིན་པའི་མཛད་སྒོའི་གཙོ་འགན་བཞེས།
     ལས་མགོ་མ་བརྩམ་པའི་སྔོན་ལ། ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་མ་གཏོང་འཁོར་རྒྱུག་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན། ཐེངས་འདིར་མཉམ་དུ་ལས་མགོ་འཛིན་པའི་རྣམ་གྲངས་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་གསན་ཞིང་། ལིའུ་ཕིང་གིས་བསྟན་དོན། 2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་འཚོགས་པའི་ལོ་ཡིན་ལ། ལྔ་འཆར་བཅུ་བཞི་བའི་སྔ་མཐུད་ཕྱི་སྤེལ་གྱི་གནད་འགག་ལོ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་འཐབ་ལམ་གསར་བ་མགོ་རྩོམ་པའི་ལོ་ངོ་གལ་ཆེན་ཞིག་ཡིན། ཁུལ་ཡོངས་ཀྱིས་ཡོལ་གཅིག་རྒྱུད་བཞི་དང་། འཚག་ཁོངས་ཡོངས་སྐྱེ་ཁམས་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་དང་། གནས་གསུམ་མཉམ་སྐྲུན་དང་། ལས་རིགས་ལྔ་མཉམ་སྤོར་གྱི་ཐོན་ལས་མ་ལག་གསར་བ། ཕྱོགས་བཞིར་ཤར་བགྲོད་དང་ཁོངས་ཡོངས་རྒྱ་བསྐྱེད་ཀྱི་སྒོ་འབྱེད་རྣམ་པ་གསར་བ་བཅས་གཞིར་བཟུང་ནས། ས་གནས་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་རྣམ་གྲངས་འགངས་ཆེན་སྣ་ཚོགས་གྲ་སྒྲིག་བྱས་ཤིང་། མགྱོགས་མྱུར་དུ་སྐྲུན་བཞིན་པའི་རྣམ་གྲངས་ལ་སྐུལ་འདེད་དང་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། མ་གཏོང་གི་གྲངས་འབོར་ཇེ་མང་དུ་གཏོང་བ་དང་དྭངས་གཙང་གི་ལས་གཞི་མང་པོ་བསྐྲུན་པར་འབད་དགོས།
      ཆུ་ཚོད་09སྐར་མ་55སྟེང་། ལིའུ་ཕིང་གིས་2022ལོའི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་མཉམ་དུ་ལས་མགོ་འཛིན་པའི་རྔ་ཁུལ་ཡན་ལག་ཚོགས་རའི་ལས་མགོ་བརྩམས་པ་བསྒྲགས། རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྣམ་གྲངས་གལ་ཆེན་14མཉམ་དུ་ལས་མགོ་བརྩམས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་26.4བཏང་ཡོད་ལ། ལོ་འཁོར་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་8.2བཏང་ཡོད། མཉམ་དུ་ལས་མགོ་བརྩམས་པའི་རྣམ་གྲངས་སུ་འགྲིམ་འགྲུལ་དང་། ནུས་ཁུངས། ལྗོངས་སྐོར། གྲོང་རྡལ་རྨང་གཞིའི་སྒྲིག་ཆས། དམངས་འཚོ་དང་སྤྱི་ཚོགས་ལས་དོན་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་འདུས་ཡོད།

     ཁུལ་གྱི་འགོ་ཁྲིད་ལི་ཡུང་ལིའང་དང་། སྨི་ཅན་ཁང་། ཆིན་ཁའེ་ཅིན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་ལས་མགོ་འཛིན་པའི་མཛད་སྒོར་ཞུགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1