མཚོ་སྔོན་ས་ཡོམ་གྱིས་ས་འདི་འདྲ་གས་འཐོར་བཏང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 01-10


        མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང"1.8"རིམ་པ6.9ཅན་གྱི་ས་ཡོམ་ཡུལ་དངོས་ཀྱི་ལས་དོན་རུ་ཁག་གིས་ཀླུ་ལུང་ཉག་གར་གས་འཐོར་བྱུང་བའི་ནུབ་རྒྱུད་ཀྱི་ཡུལ་དངོས་སུ་རྟོག་ཞིབ་བྱེད་སྐབས། རིང་ཚད་ལ་སྤྱི་ལེ22ཙམ་གྱི་ས་ངོས་སུ་གས་འཐོར་བྱུང་བ་ཤེས་རྟོགས་བྱུང་ཞིང་། ས་ངོས་དང་འཁྱག་ངོས་སུ་རྒྱུན་མཐུད་གས་འཐོར་བྱུང་བ་དང་བཙིར་གནོན་གྱི་དབང་གིས་སྒང་འབུར་དོད་ཡོད་པ་སོགས་མཐོང་ཐུབ་ལ། སྒང་འབུར་གྱི་མཐོ་ཚད་སྨི1.5ཟིན་ཡོད། ཡུལ་དངོས་ཀྱི་རྟོག་ཞིབ་ཚོ་ཆུང་གི་ལི་ཀྲི་མིང་དང་། ཀའེ་ཧའེ་ལུང་། ལི་ཞིན། ཝང་ཏེ་བཅས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་ཡོམ་རྒྱུག་ཆགས་གྲུབ་ནི་ཀླུ་ལུང་ཉག་གའི་གས་འཐོར་ལས་བྱུང་བ་ཐོག་མར་གཏན་འཁེལ་བྱས་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1