གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༡༤ཉིན།

ཝང་ཆི་ཧྲན་ཀྲུང་དབྱང་སྐོར་ཞིབ་ལས་ཀའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུར་ཞུགས།

         སྤྱི་ཟླ་2པའི་ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ཝང་ཆི་ཧྲན་ཀྲུང་དབྱང་སྐོར་ཞིབ་ལས་ཀའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་ཀའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས།


            ཝང་ཆི་ཧྲན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་དག་བསམ་བློའི་གཞི་འཛིན་དུ་བྱས་ཏེ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱ་རྒྱུ། གནད་དོན་ལ་དམིགས་ནས་གཙོ་གནད་འབུར་ཐོན་དང་། བྱེད་ཐབས་གསར་གཏོད་བཅས་བྱས་ནས། སྐོར་ཞིབ་ཀྱི་ལས་དོན་ནན་གྱིས་སྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1