ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་དྲོད་ཁོལ་གྱིས་ཕྱུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-11



        ཟླ1པོའི་ཚེས8ཉིན་གྱི་ཞོགས་པའི་ཆུ་ཚོད1དང་སྐར་མ45སྟེང་དུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་ཚད་རིམ6.9ཡི་ས་ཡོམ་བྱུང་།ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་དྲོད་ཁོལ་གྱིས་ཕྱུག ངེད་གསར་འགོད་པས་གཤམ་གསལ་གྱི་དྲོད་ཁོལ་སྦྱིན་པའི་པར་རིས་འདི་དག་བླངས་ཡོད་དེ། 
         ཟླ1པོའི་ཚེས8ཉིན། མཚོ་བྱང་ཁུལ་མིན་ཡོན་རྫོང་ཧོང་ཁྲེང་སོག་རིགས་ཞང་མ་ཡིང་སྡེ་བའི་སྡེ་མི་བསོད་རྒྱལ་དང་ཁོའི་བཟའ་ཟླ་གངས་མཚོ། དེ་བཞིན་བུ་ཚེ་རིང་རྒྱལ་གྱིས་དྲོད་སྐྱིད་ལྡན་པའི་གུར་ཁྱིམ་ནང་དུ་ཇ་འཐུང་བཞིན་མཆིས། ས་ཡོམ་བྱུང་རྗེས་མིན་ཡོན་རྫོང་སྲིད་གཞུང་གིས་ཁོ་ཚོང་ལ་རས་གུར་གཉིས་ཕུབས་པ་དང་འཚམས་འདྲི་ཡང་བྱས་པར་བརྟེན། བསོད་རྒྱལ་གྱི་བཟའ་མི་ཚང་མའི་སེམས་པ་དྲོད་སྐྱིད་ཀྱིས་ཁེངས་ཡོད།

         ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད18དང་སྐར་མ40ཡི་སྟེང་དུ། མཚོ་བྱང་ཁུལ་མིན་ཡོན་རྫོང་ཧོང་ཁྲེང་སོག་རིགས་ཞང་མ་ཡིང་སྡེ་བའི་སྡེ་མི་རྒྱལ་མཚན་དང་ཁོའི་བཟའ་ཟླ་ཚེ་སྐྱིད་གཉིས་རས་གུར་ནང་གློག་འཐེན་རྗེས་དགའ་བ་ཆེན་པོས་གློག་སྲུང་ལས་དོན་མི་སྣར་འོ་ཇ་དྲངས་ཏེ་བཀའ་དྲིན་ཞུས། ཉིན་དེར་མིན་ཡོན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོ་བཟའ་ཟླ་གཉིས་ལ་རས་གུར་གཉིས་ཕུབས་པ་མ་ཟད། ད་དུང་ལྕགས་ཐབ་བཙུགས་པ་དང་གློག་འཐེན་པ། དེ་མཚུངས་ཀྱི་དངོས་ཟོག་ཀྱང་བསྐྱལ་བས་རྒྱལ་མཚན་དང་ཁོའི་བཟའ་ཟླ་ཚེ་སྐྱིད་ཀྱི་འཚོ་བར་འགན་ལེན་གང་ལེགས་ཐུབ་ཡོད།

པར་འདི་ནི་ཟླ1པོའི་ཚེས8ཉིན། མིན་ཡོན་རྫོང་ཧོང་ཁྲེང་སོག་རིགས་ཞང་སྲིད་གཞུང་གི་ལས་དོན་མི་སྣས་སྡེ་མིར་ལྕགས་ཐབ་འཛུག་བཞིན་པ།    


པར་འདི་ནི་ཟླ1པོའི་ཚེས8ཉིན། མིན་ཡོན་རྫོང་ཧོང་ཁྲེང་སོག་རིགས་ཞང་སྲིད་གཞུང་གི་ལས་དོན་མི་སྣས་གནོད་ཐེབས་མང་ཚོགས་ལ་རས་གུར་ཕུབ་བཞིན་པ།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1