མདོ་ལ་རི་བོའི་རི་སྐྱེས་སྲོགས་ཆགས་ཀྱིས་ཟས་འཚོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-11



     དགུན་དུས་ཀྱི་ཀན་སུའུ་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གཡི་དང་། ཝ་མོ། ཤྭ་བ། རི་སྤྱང་། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱིས་བག་ཡངས་ངང་ཟས་འཚོལ་བཞིན་ཡོད་པ་རེད།

    ཀན་སུའུ་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་བོད་དང་། སོག་ཞིན། ས་སེར་བཅས་ས་མཐོ་ཆེན་པོ་གསུམ་གྱི་ས་མཚམས་ཀྱི་མདོ་ལ་རི་བོའི་བྱང་འདབས་སུ་གནས་པ་དང་། ནགས་ཚལ་སྣོད་བཅུད་མ་ལག་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་265.3ཟིན་ཡོད། མཚོ་སྔོན་གྱི་གསོམ་སྡོང་དང་གསའ།  ཤྭ་བ། འབྲོང་། རྐྱང་། གཡི་སོགས་སྐྱེ་དངོས་ནི་སྲུང་སྐྱོང་བྱ་ཡུལ་ཡིན་པ་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1