དཀར་མཛེས་ཁུལ་དམངས་ཆེན་དང་སྲིད་གཞུང་གི་དབུ་ཁྲིད་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-11


        སྤྱི་ཟླ་1པོའི་ཚེས་9ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་མདོ་ནས་མཇུག་སྒྲིལ།
        ཚོགས་ཆེན་གྱི་གྲོས་རིམ་དང་ཐེངས་འདིའི་གྲོས་ཚོགས་ཀྱི་འདེམས་བསྐོའི་བྱེད་ཐབས་དང་བརྡས་ཐག་གཅོད་ཐབས་ཀྱི་གཏན་འབེབས་ལྟར། ཚོགས་ཆེན་དུ་མིང་མི་བཀོད་པའི་འདེམས་ཤོག་འཕངས་ནས་འདེམས་བསྐོས་བྱས་མཐར། ཧྲུའུ་ཏ་ཁྲུན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་། ཕུའུ་ཡུང་ཧྥེང་།  བློ་བཟང་ཆོས་འཕེལ།  ཝང་ཁྲེང་ཁང་།  ཙེང་ཀོན་ཧོ།  རིན་ཆེན།  ཝང་ཆང་། ཞའོ་ཀྲི་ཧུང་། རྡོ་རྗེ་བཅས་ཀྲུའུ་རེན་གཞོན་པ་དང་ཐེན་ལུང་ནི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་བ་རེད། ཧྥུང་ཧྥ་ཀུའེ་ཁུལ་དཔོན་ལ་བདམས་ཐོན་བྱུང་བ་དང་ཏེང་ལི་ཅུན། ལི་ཆང་། ཡན་ལེ། ཧྥེང་ཅུན་ཧྥེང་། ཡོན་ཀང་། ཧོང་ཅིན། ཧོ་ཝུན་ཚའེ། བསོད་ནམས་དབྱངས་ཅན་བཅས་ཁུལ་དཔོན་གཞོན་པར་བདམས་ཐོན་བྱུང་། ཅིན་ཝུའུ་དཀར་མཛེས་ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཧྥུ་པའོ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ལིའོ་ཞུའེ་ཏུང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་བཅས་ལ་བདམས་ཐོན་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1