འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-13





 

འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།

        ཡུལ་སྡེ་དར་རྒྱས་གཏོང་བར་ངེས་པར་དུ་ཐོན་ལས་སྔོན་ལ་སྤེལ་དགོས། ཉེ་བའི་ལོ་ཤས་རིང་། སི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་རྫོང་རྫོང་རྩྭ་གྲོང་རྡལ་ཀླུ་ཡུལ་སྒང་གྲོང་ཚོས་སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱ་ཐབས་ལ་བརྟེན་ནས་གཉེར་སྐྱོང་བྱེད་འགན་གཙང་ལེན་དང་། མཉམ་ལས་གཉེར་སྐྱོང་། དེ་བཞིན་མ་དངུལ་དང་ལག་རྩལ་མ་རྐང་ནང་ཞུགས་སྟངས་བཅས་ལ་བརྟེན་ནས་ཤ་མོ་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་ལ། ཤ་མོ་ཐོན་ལས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཕན་པ་ཧ་ཅང་ཆེན་པོ་ཐོབ།

        མཛེས་སྡུག་ལྡན་པའི་རྫོང་རྩ་གྲོང་རྡལ་ཀླུ་ཡུལ་སྒང་གྲོང་སྡེའི་ཤ་མོ་འདེབས་འཛུགས་རྟེན་གཞི་རུ་སོང་དུས་ཤ་མོ་སྐྱེས་སྟབས་ཧ་ཅང་བཟང་བ་དང་། དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་འཚམ་པའི་གནམ་གཤིས་ཀྱིས་གྲོང་རྡལ་དེའི་ཤ་མོ་ཐོན་ལས་འཕེལ་རྒྱས་གཏོང་བ་ལ་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་གི་ལེགས་ཆ་མཁོ་འདོན་བྱས་ཅིང་། ཤ་མོའི་ཐོན་ལས་ལ་བརྟེན་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཡོད།

འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།



འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།
འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།


   འབའ་ཐང་ཤ་མོ་སྤྱི་གཉེར་ཁང་གི་འགན་འཁུར་བ་ཉི་མ་ཚེ་རིང་གིས་ད་ལྟ་ནི་ཤ་མོ་ཁྲོམ་རར་མཁོ་འདོན་བྱེད་པའི་དུས་ཚིགས་ཡིན་པས། ང་ཚོའི་ཤ་མོ་སྤུས་ཀ་བཟང་ལ་བྲོ་བ་ཞིམ་པ་དང་། ད་དུང་རི་ཟས་ཤ་མོ་དང་སི་ཁྲོན་དབུལ་སྐྱོར། ཚོན་མདོག་རྣམ་པར་བཀྲ་བའི་བོད་ཁུལ་སོགས་ཀྱི་ཚོང་རྟགས་ཐོ་འགོད་བྱས་ཡོད། ནམ་རྒྱུན་ཤ་མོ་གསར་པ་ཁྲོམ་རར་དགོས་མཁོ་སྐོང་ཐུབ་མིན་ཡིན།

འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།

        ངོ་སྤྲོད་བྱེད་པར་གཞིགས་ན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྟེན་གཞིར་ད་ལྟ་མུའུ150བསྐྲུན་ཟིན་པ་དང་། འཆར་འགོད་ཧྲིལ་པོར་མུའུ500ཙམ་ཡིན་ཞིང་། སྔོན་དཔག་བྱས་ན2023ལོར་རྟེན་གཞི་བསྐྲུན་ཚར་རྒྱུ་རེད། ལས་གཞི་དེ་ཁྱོན་ཡོངས་ནས་བསྐྲུན་ཚར་རྗེས་ལོ་འཁོར་ནང་ཤ་མོ་ཐོན་ཚད་ཏུན700ལ་ཟིན་པ་དང་། ལོ་འཁོར་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི840ལ་ཟིན་རྒྱུ་རེད། སྔོན་དཔག་བྱས་ན་སྲིད་འཛིན་གྲོང་ཚོར་ལོ་རེར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི103འཕར་རྒྱུ་དང་། ཞིང་དུད160ལྷག་གི་མང་ཚོགས1500ལྷག་ལ་དངོས་ཕན་ཐོབ་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར686འཕར་རྒྱུ་རེད།།

འབའ་ཐང་རྫོང་གིས་ཤ་མོ་ཐོན་ལས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1