གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༡༤ཉིན།

ཕག་སྙིང་མིའི་ལུས་སྟེང་དུ་སྤོ་འཛུགས་བྱས་པ་ལེགས་གྲུབ་བྱུང་འདུག



          ཕྱི་ཕྱོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་མ་ལི་ལན་སློབ་ཆེན་གྱིས་ཕག་སྙིང་ཞིག་སྙིང་ནད་ཕོག་པའི་ནད་པ་ཞིག་གི་ལུས་སྟེང་དུ་སྤོ་འཛུགས་ལེགས་གྲུབ་བྱུང་བ་དེ་ནི་འཛམ་གླིང་གི་ཐོག་མ་ཡིན་ཞིང་། ཡུལ་དེའི་དུས་ཚོད་ཚེས10ཉིན་བར་ནད་པ་དེའི་གནས་ཚུལ་ཡག་པོ་ཡོད།
          གནས་ཚུལ་སྤེལ་བར་གཞིགས་ན། དབང་པོ་སྤོ་འཛུགས་དང་ལེན་བྱེད་མཁན་ནི་ལོ57ལ་སླེབས་པའི་ཏ་ཝེ་པུན་ནེ་ཐེ(Dave Bennett)ཡིན་ཞིང་། “ཞལ་འདེབས་སུ་ཕུལ་བའི”སྙིང་ནི་ལོ1ལ་སོན་པ་དང་སྤྱི་རྒྱ109ཙམ་གྱི་གཞི་རྒྱུ་སྒྱུར་བཀོད་བྱས་པའི་ཕག་ཅིག་ཡིན་པ་མ་ཟད། དེའི་གསོ་ཚགས་ཀྱི་བརྒྱུད་རིམ་ཧྲིལ་པོ་ནི་དབང་པོ་སྤོ་འཛུགས་བྱ་རྒྱུ་དམིགས་ཡུལ་དུ་བྱས་པ་ཞིག་རེད་ཅེས་བཀོད་འདུག

          གནས་ཚུལ་ལས་བསྟན་དོན། དབང་པོ་བརྗེ་སྤོར་གྱི་གཤགས་བཅོས་དུས་ཚོད་འགའི་རིང་ལ་བྱས་ཤིང་། གཤགས་བཅོས་བྱས་རྗེས་པུན་ནེ་ཐེ་ཡིས་དབུགས་འབྱིན་རྔུབ་འཕྲུལ་ཆས་མེད་པའི་གནས་ཚུལ་འོག་ཏུ་རང་འགུལ་ངང་དབུགས་འབྱིན་རྔུབ་བྱེད་ཐུབ་མོད། འོན་ཀྱང་སྔར་བཞིན་ལུས་ཕྱིའི་དབུགས་འབྱིན་རྔུབ་དང་འཁོར་རྒྱུག(ECMO)གིས་སྙིང་ཁྲག་འཁོར་རྒྱུག་གི་ནུས་པ་ཁག་ཅིག་ལ་ཚབ་བྱེད་དགོས། སྨན་པས་ཁོང་གིསECMOལ་བརྟེན་པ་རིམ་བཞིན་ཇེ་ཉུང་དུ་གཏོང་བའི་འཆར་གཞི་འགོད་བཞིན་ཡོད་ཟེར།

          གནས་ཚུལ་སྤེལ་བར་གཞིགས་ན། པུན་ནེ་ཐེ་ཡི་ནད་གཞི་དེར་མིས་བཟོས་སྙིང་སྤྱོད་མི་ཐུབ་པ་དང་། མིའི་ལུས་པོའི་དབང་པོ་བརྗེ་སྤོར་བྱེད་པར་སྒུག་པའི་རེ་བ་ཉག་ཕྲ་བ་ཞིག་རེད། དང་ཐོག་ཁོང་ཕག་གི་སྙིང་སྤོ་འཛུགས་བྱེད་པའི་ཚོད་ལྟའི་ནང་ཞུགས་འདོད་མེད་ཀྱང་ཁོང་གིས་རང་ཉིད་གསོན་པའི་གོ་སྐབས་ཧ་ཅང་ཆུང་བ་ཤེས་རྗེས་བསམ་ཚུལ་བསྒྱུར་བ་རེད། འོན་ཀྱང་ཁོང་གིས་འབྱུང་འགྱུར་རང་ཉིད་ལ་སྔར་བཞིན་མིའི་རིགས་ཀྱི་སྙིང་ཞིག་བརྗེ་སྤོར་བྱེད་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
          ད་ཐེངས་ཀྱི་དབང་པོ་བརྗེ་སྤོར་བྱེད་པའི་གཤགས་བཅོས་ལ་དམིགས་ཏེ། ཨ་རིའི་རྒྱང་བསྒྲགས་ཀུང་སི་ཡིས་དབང་པོ་མཉམ་སྤྱོད་ཀྱི་མཉམ་འབྲེལ་དྲ་རྒྱའི(UNOS)དབུ་བཞུགས་སྨན་བཅོས་དཔོན་ཏ་ཝེ་ཁེ་ལ་སེན(David Klassen)གྱི་སྐད་ཆ་དྲངས་ནས་དེ་ནི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ཟེར་ཞིང་། ཡིན་ནའང་ཁོང་གིས་ཀྱང་ཐ་ཚིག་བསྒྲགས་དོན། “དེ་ནི་རིགས་མི་འདྲ་བའི་བར་དབང་བོ་སྤོ་འཛུགས་བྱེད་ཐུབ་མིན་འཚོལ་ཞིབ་བྱེད་པའི་གོམ་པ་དང་པོ་ཙམ་རེད”ཅེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1