ནག་ཆུའི་ཁོངས་ཀྱི་རྫོང་དང་ཆུས་11ལ་གསའ་ཁྱབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-14



      ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་འབྲེལ་ཐོག་སྤེལ་བའི་ནག་ཆུ་གྲོང་ཁྱེར་གྱི་གསའ་ཡི་ཆེད་དོན་བརྟག་དཔྱད་ནང་། ནག་ཆུ་གྲོང་ཁྱེར་ཁོངས་ཀྱི་རྫོང་10དང་ཆུས་1ཚང་མར་གསའ་ཡི་འགུལ་བརྙན་ཟིན་ཐོར་བཀོད་ཐུབ་བྱུང་། དེ་ནི་ནག་ཆུའི་ས་ཁོངས་ཡོངས་ཀྱི་གསའ་ལ་བརྟག་དཔྱད་བྱེད་ཐེངས་དང་པོ་ཡིན་པས། ཧི་མ་ལ་ཡའི་རི་ཁུལ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་རྒྱ་ཆེ་བའི་ས་ཁོངས་ནང་གི་གསའ་ཡི་ཆ་འཕྲིན་ཁ་སྐོང་ནུས་ལྡན་ཐུབ་ཡོད་པ་རེད། དེ་དང་ཆབས་ཅིག དེའི་ཐོག་ནས་ནག་ཆུ་གྲོང་ཁྱེར་ནི་གསའ་ཡི་འཚོ་གནས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ས་ཁོངས་དེའི་ནང་གསའ་ཡི་ཁྱུ་ཚོགས་ཡོད་པ་མངོན་པ་རེད། 



        དཔྱད་ཡིག་པར་རིས་འདི་ནི་2021ལོའི་ཟླ་8ཚེས་19ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ས་ཁོངས་ནང་དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་གསའ་ཡི་འགུལ་བརྙན་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1