ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་འགོ་གཙོས་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-17


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱི་ཨར་མ་ཁི་ཡིས་ཚེས་བཅུ་བཞི་ཉིན་བཤད་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལིན་སི་ཅི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀ་དང་མཉམ་དུ་ཕྱོགས་གསུམ་གྱི་འགོ་གཙོའི་གྲོས་མོལ་བསྡུ་རྒྱུའི་གྲོས་གཞི་བཏོན་ཟེར།
        ཉིན་དེར་དབྱི་ཨར་མ་ཁི་ཡིས་ཝུའུ་ཁི་ལན་དུ་སྡོད་པའི་སྔོན་ཆད་ཀྱི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧི་པུའུ་སི་ཐི་ལ་ཐུག་འཕྲད་བྱེད་སྐབས་བཤད་དོན། ཙི་ལིན་སི་ཅི་ཡིས་བརྙན་རིས་བརྒྱུད་དེ་གྲོས་མོལ་བྱས་ནས་པད་ཏིན་གདན་ཞུ་བྱས་པར་མ་ཟད་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་བརྙན་རིས་ཀྱི་ལམ་ནས་འགོ་གཙོའི་གྲོས་མོལ་བྱེད་སྲིད་ཅེས་བཤད་ཟེར།
        དབྱི་ཨར་མ་ཁི་ཡིས་བཤད་དོན། མིག་སྔར་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་ཀྱིས་ལན་ཡོང་བར་རེ་སྒུག་བྱས་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་གཞི་དེར་ཡིད་འཐད་བྱུང་བའི་ཚུལ་བསྟན་ཟེར།   །      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1