༢༠༢༢ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 01-17




      མཚམས་སྦྱོར་བྱས་པར་གཞིགས་ན། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པ་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཟླ་བ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་བར་འཚོག་རྒྱུ་རེད། འཚོག་ཡུན་ཉིན་བཞི་རེད། གྲོས་འགོའི་གྲོས་རིམ་གཙོ་བོ་བདུན་ཡོད་པ་སྟེ།

གཅིག སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་དེར་ཞིབ་བཤེར་བྱ་རྒྱུ། 

གཉིས། སི་ཁྲོན་ཞིང་ཆེན་གྱི་༢༠༢༡ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་༢༠༢༢ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ། 

གསུམ། སི་ཁྲོན་ཞིང་ཆེན་གྱི་༢༠༢༡ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་༢༠༢༢ལོའི་སྔོན་རྩིས་མ་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ་དང་། ༢༠༢༡ལོའི་ཞིང་ཆེན་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་༢༠༢༢ལོའི་ཞིང་ཆེན་རིམ་པ་དེ་གའི་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུ། 

བཞི། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་དེར་ཞིབ་བཤེར་བྱ་རྒྱུ། 

ལྔ། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་དེར་ཞིབ་བཤེར་བྱ་རྒྱུ། 

དྲུག སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་དེར་ཞིབ་བཤེར་བྱ་རྒྱུ། 

བདུན། དོན་དག་གཞན་དག་བཅས་ཡིན། 

      ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་ཟླ་བ་དང་པོའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུ་ཉིན་གྱི་བར་འཚོག་རྒྱུ་རེད། འཚོག་ཡུན་ཉིན་བཞི་རེད། གྲོས་རིམ་གཙོ་བོ་དྲུག་ཡོད་དེ།

གཅིག སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། 

གཉིས། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། 

གསུམ། སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཟུར་ཞུགས་བྱས་ཏེ་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ལོ་འཁོར་གྱི་འཆར་གཞིའི་སྙན་ཞུ། ལོ་འཁོར་གྱི་སྔོན་རྩིས་སྙན་ཞུ་བཅས་ཉན་རྒྱུ་དང་གྲོས་བསྡུར་བྱ་རྒྱུ། ཡིག་ཐོག་ནས་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་གྲོས་བསྡུར་བྱ་རྒྱུ། 

བཞི། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། 

ལྔ། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། 

དྲུག མི་དོན་སྐོར་གྱི་དོ་དག་གཞན་དག་བཅས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1