ཆུ་ཆེན་རྫོང་གིས་དབུལ་བྲལ་གྱི་གྲུབ་འབྲས་བརྟན་འགྱུར་བྱས་ནས་གྲོང་གསེབ་དར་རྒྱས་སུ་གཏོང་རོགས་བྱས།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-17



      ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་བྱེད་ཐབས་གསར་བ་བཏོན་ནས་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་བཙུགས་ཏེ། འགན་ལེན་ཡོད་པ། ཡོང་འབབ་བརྟན་པ། རོགས་སྐྱོར་བྱེད་པ་བཅས་ལ་བརྟེན་ནས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་བའི་ལས་དོན་སྤེལ་ནས་དབུལ་བྲལ་གནད་སྒྲོལ་ལ་གཅིག་སྡུད་ཀྱིས་རྒྱབ་སྐྱོར་བྱེད་པ་ནས་གྲོང་གསེབ་དར་རྒྱས་དང་བརྟན་ལྷིང་ངང་བར་བརྒལ་ཡོང་བ་རིམ་བཞིན་མངོན་འགྱུར་ཡོང་བ་བྱས་པ་དང་། གནད་གཅིག་གིས་རྫོང་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་སྤེལ་བཏང་།


      ཉེན་ཟོན་སྔོན་བརྡའི་ལམ་སྲོལ་བཙུགས་པ། སྔ་རྗེས་སུ《ཆུ་ཆེན་རྫོང་གི་བསྐྱར་དུ་དབུལ་ཕོངས་སུ་འགྱུར་བ་འགོག་པའི་ལག་བསྟར་ཇུས་གཞི》དང《ཆུ་ཆེན་རྫོང་གི་དབུལ་སྐྱོར་ཁང་དང་ཚབ་གཉེར་སྦྲེལ་བའི་རོགས་སྐྱོར་མ་དངུལ་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆ་བཏོན་ནས། རྫོང་དང་ཡུལ་ཚོ། གྲོང་སྡེ་བཅས་རིམ་གསུམ་གྱི་བསྐྱར་དུ་དབུལ་ཕོངས་སུ་འགྱུར་བ་འགོག་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། དབུལ་བྲལ་ཁྱིམ་ཚང་ལ་འཚམས་འདྲི་དང་གྲལ་བཤེར་བྱས། ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག་དང་མི་རེར་སྲིད་ཇུས་གཅིག་རེ་ཡོད་པ་ལྟར། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་བཅད།


      འགན་ལེན་ཡོད་པ། སྔོན་འགོག་རང་བཞིན་གྱི་བྱེད་ཐབས་དང་ལས་དོན་བསྒྲུབས་རྗེས་ཀྱི་རོགས་སྐྱོར་གཉིས་སྦྲེལ་ཏེ། བསྐྱར་དུ་དབུལ་ཕོངས་སུ་ལོག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཤིང་། རིམ་པ་དང་རིགས་བགོས་ནས་དབུལ་སྐྱོར་གནད་འཁེལ་གྱི་ལས་དོན་སྤེལ་ནས་རོགས་སྐྱོར་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་འདོན་སྤྲོད་བྱས་ནས་མང་ཚོགས་ཁྲི་1.6ལས་གནས་སུ་ཞུགས་ལ། སྔོན་ཆད་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་9260ལ་གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ་སྒོར་ཁྲི་259.28ཚབ་སྤྲད་བྱས་པ་དང་། སྨན་ཁང་དུ་བསྡད་པའི་མང་ཚོགས་1309ལ་སྨན་ཡོན་སྒོར་ཁྲི་877.71རྩིས་ཞུ་བྱས།


      ཡོང་འབབ་བརྟན་པ། མ་དངུལ་གྱི་བཀན་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་དང་། ཐོན་ལས་ཀྱི་སྤུས་ཚད་ཇེ་བཟང་། ཕན་འབྲས་འགན་ལེན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་བཏང་སྟེ་རོང་འབྲོག་མང་ཚོགས་ཕྱུག་འགྱུར་དང་ཡོང་འབབ་འཕར་རྒྱུར་འགན་བླངས།


      རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་རིགས་མཐུན་རོགས་སྐྱོར། དེ་མིན་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་སོགས་ཀྱི་མ་དངུལ་ལས་སྟེགས་ལ་བརྟེན་ནས་མེ་ཧྲན་གྲོང་ཁྱེར་དང་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ལྷོ་ནུབ་ནོར་དཔལ་སློབ་ཆེན་སོགས་ས་ཁུལ་གྱི་ལས་ཁུངས་དང་མཉམ་ལས་གཏིང་ཟབ་སྤེལ་ཏེ། ཨན་ཅི་རྫོང་དང་རིགས་མཐུན་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་6400བླངས་ཏེ་རྣམ་གྲངས་32ལག་བསྟར་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1